ཐོལ་བྱུང་གི་གཏམ་བཤད།
རིགས་ཀྱི་བུ་བཟང།
སྤྱི་ ལོ་༢༠༡༥ཟླ་༣ ཚེས་༣༡་རེས་གཟའ་དམིག་དམར་ཉིན་རྒྱབ་ཆུ་ཚོད་༤ཐོག་དགེ་འོས་སློབ་མ་ཡེ་ཤེས་བསྟན་འཛིན་གྱིས་རྩོམ་རིག་ཚོགས་ཆུང་འགོ་
སྒྲིག་འོག་ཐོལ་བྱུང་གི་གཏམ་བཤད་སྐབས་འགོ་འཛྲུགས་ཀྱི་གཏམ་བཤད་སྐབས་བཤད་པ་དེའི་ ཟིན་བྲིས་ཐོག་ཏུ།།
འདི་རིང་འདི་གར་དཀྱིལ་འཁོར་འདིའི་ནང་ ཆེས་སྔགས་ཆིབས་བསྒྱུར་བསྐྱངས་པའི་དགེ་འོས་མཐོ་སློབ་ཆེན་མོ་ངེས་སྟོན་པ་མཆོག་
དང། དེ་བཞིན་བཀའ་དྲིན་གཡུར་དུ་ཟ་བའི་སློབ་དཔོན་རྣམས་པ། གཤོག་རླབས་གཉིས་ལྡན་གྱི་མ་འོངས་དགེ་རྒན་ཡོངས་ལ་ཕྱོགས་གཅིག་ཏུ་སྒོ་གསུམ་གུས་
པའི་འཚམས་འདྲི་ཡོད།
ཁྱེད་རྣམས་ཀྱི་མཁྱེན་གསལ་ལྟར། དེ་སྔོན་རྩོམ་རིག་ཚོགས་ཆུང་གིས་གོ་སྒྲིག་འོག་ལ་དབྱིན་ཇི་ཐོལ་བྱུང་གཏམ་བཤད་
ཚོགས་ཟིན་པ་རེད། དེ་ཐོག་སློབ་མ་མཁྱོན་ཡོངས་ཀྱིས་རོགས་རམ་རྒྱབ་སྐྱོར་གནང་བ་ལ་ཐུགས་ རྗེ་ལེགས་གསོལ་ཞུས་ཡ་དང།
འདི་རིང་དམིགས་བསལ་རྩོམ་རིག་ཚོགས་ཆུང་གིས་བོད་ཡིག་ཐོལ་བྱུང་གི་གཏམ་བཤད་འགོ་ སྒྲིག་ཞུས་ཡོད་།
དེ་སྡོན་ང་ཚོས་དུས་འགྱངས་ཀྱིས་ཡིག་རྒྱུགས་ཚར་ནས་མ་གཏོགས་འགོ་སྒྲིག་ བྱ་ཐུབ་པ་མ་བྱུང།
གང་ལྟར་ཡང་གལ་ཆེན་དོན་ཆེན་ཞིག་འཇོག་ནས་འདི་རིང་གོ་སྒྲིག་བྱེད་ཐུབ་པ་རེད།
སྤྱིར་
བཏང་གི་རིགས་པའི་གཞུང་ལུགས་དང་ཚོགས་པ་སྐྱིད་སྡུག་འདུ་ཚོགས་ཆེ་ཆུང་སོགས་གང་འདྲ་
ཞིག་ཡིན་རུང་དམིགས་ཡུལ་དང་དགོས་པ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་ནང་པ་ཞིག་དང་ནང་པའི་ཆོས་ཤེས་མཁན་དང་འཆད་མཁན།ཉམས་ལེན་གནང་མཁན་དང་དར་
སྤེལ་བྱེད་མཁན་ཞིག་ཡིན་ན་ཧ་ཅང་གལ་ཆེ།
དེ་མཚུངས་འདི་རིང་ངས་བོད་ཡིག་ཐོལ་བྱུང་གི་གཏམ་བཤད་ཀྱི་དམིགས་ཡུལ་དགོས་དམིགས་
དེ་མ་འཆད་
སྔོན་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་ནས་
[[བོད་ཡིག་བོད་པས་མ་སྦྱང་ན་སུས་སྦྱང།
བོད་ཡིག་བོད་པས་བདག་པོས་མ་བརྒྱབ་ན་སུས་རྒྱག
དེར་བརྟེན་ང་ཚོས་བོད་ཡིག་གཙོ་བོར་གྱུར་པའི་ཤེས་ཡོན་ལ་དང་འདོད་དང་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད།
]]
བཅས་
ཕྱི་ལོ་༡༩༨༥་ལོར་གནས་མཆོག་རྡོ་རྗེ་གདན་དུ་གསར་འབྱོར་བ་རྣམས་ལ་སྩལ་བའི་བཀའ་
སློབ་དུམ་བུ་ཞིག་གི་ཐོག་ནས་མཆོད་པར་བརྗོད་པར་སྔོན་ལ་གཏོང་སྟེ།
འདི་རིང་གི་བོད་ཡིག་ཐོལ་བྱུང་གི་གཏམ་བཤད་དེའི་་དམིགས་ཡུལ་དང་དགོས་པ་ཁག་གཤམ་དུ་
རིམ་བཞིན་ཞུ་འདོད་ཡོད།
༡ དང་པོ།
བསམ་བློའི་རྣམ་དཔྱོད་དང་ཤེས་རབ་ནུས་སྟོབས་གར་རང་དབང་ལྡན་པ།
ང་ཚོ་སོ་སོའི་རྣམ་དཔྱོད་དང་ཤེས་རབ་སྟོབས་དང་རང་དབང་ནུས་པ་དེ་མཚུངས་སྤྱི་ལོ་
༢༠༠༥་
ལོར་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་གཞི་རྩ་ཞིག་དང་ལྷག་
པར་དེ་རིང་སང་ཉིན་སྤྱི་ཚོགས་སྟེང་དུ་མེད་དུ་མེད་ན་མི་འབྱུང་བ་འབྲེལ་བ་ཡིན།
ལྷག་པར་སངས་རྒྱས་ཀྱི་གསུངས་ནང།
དགེ་སློང་བདག་གི་ཁྱེད་རྣམས་ཀྱིས།
སྲེགས་བཅད་བརྡར་བའི་གསེར་བཞིན་དུ།
ལེགས་པར་བརྟག་ལ་ང་ཡི་བཀའ།
བླང་བ་བྱ་བར་གུས་ཕྱིར་མིན།
བཅས་
བཀའ་སྩལ་ཡོད་རེད།
དེ་ཡང་སངས་རྒྱས་རང་ཉིད་ཀྱིས་གསུངས་ལ་བརྟག་དཔྱོད་བྱོས་ཟེར་མཁན་ནི།
ཆོས་ལུགས་པ་ནང་གི་བླ་མ་ཐོག་མར་ཞིག་ཡིན་པ་ནི་སྨྲོས་མི་དགོས་ཡིན་ལ།
དེ་ལས་ང་ཚོ་རྨོངས་དད་དང་དད་པ་རྐྱང་ངང་ནས་
ཆ་བཞག་རྒྱུ་མེད་པ།
ཤེས་རབ་ཀྱིས་བརྟག་དཔྱད་བྱ་དགོས་པ་ནི་ཐོག་མ་དང་དང་པོ་ཡིན་པས་དོ་སྣང་བྱ་དགོས།
ད་དུང་འདི་རིང་ང་ཚོས་རྩོམ་རིག་སྡེ་ཚན་གྱི་དེ་ལ་དམིགས་ནས་བརྗོད་གཞི་འདྲ་མིན་
ཁག་མང་པོ་ཡོད་པའི་ནང་ནས་སློབ་ཚན་དང་དེ་གར་འབྲེལ་བ་མ་ཡིན་པར་སྤྱིར་བཏང་གི་
བསམ་བློ་དང་རྣམ་དཔྱོད་གོང་འཕེལ་ཕྱིར་འབྲེལ་བ་ཡོད་པས།
བསམ་བློའི་རྣམ་དཔྱོད་དང་ཤེས་རབ་ནུས་སྟོབས་དང་རང་དབང་ནི་གལ་འགངས་ལ་འཛིན་
ནས་དམིགས་ཡུལ་ཐོག་མ་དེ་ཡིན།
༢གཉིས་པ། རང་གི་རིག་གཞུང་བོད་པས་བདག་སྲུང་བརྒྱུད་འཛིན་བྱེད་དགོས་པ།
བདག་ཉིད་ཆེན་པོ་གྷན་རྡི་མཆོག་གི་ཕྱག་དེབ་Hind swaraj སྙན་གྲགས་ཆེ་བ་དེ་རྒྱ་གར་གྱི་སྐད་ཡིག་དབུས་ནས་Gujuratསྐད་
ཐོག་ནས་བྲིས་ནང་ མཛད་ཡོད།
དེ་ནས་རིམ་པའི་་དབྱིན་ཇི་དང་བོད་སྐད་སོགས་སྐད་རིགས་འདྲ་མིན་ནང་དེང་སང་མཇལ་རྒྱུ་ཡོད་
པ་དེ་ནི་ཐོག་མར་རང་གི་སྐད་ཡིག་ཐོག་ཡོད་པ་ནི།
གྷན་རྡི་དབྱིན་ཇི་མ་མཁྱེན་པ་རེད་དམ་ཟེར་ན།
དེ་འདྲ་རྩ་བ་ནས་མ་རེད།
གྷན་རྡི་ཕྱོགས་ནི་དབྱིན་ཇི་ཐོག་མཁྱེན་རྒྱས་ཡངས་པོ་དང།
རྒྱལ་སྤྱིའི་དང་གྲོས་ཚོགས་ནང་དབྱིན་སྐད་ཐོག་བགྲོ་གླེང་བྱེད་ཐུབ་པ་དང།
བྱེད་ནུས་པ་དང། བྱེད་ཆོག་པ་ཡོད་མཁན་གྱི་སྐྱེ་བོ་དམ་པ་ཞིག་མཆིས། ཡིན་ན་ཡང།
རང་གིས་རིགས་གཞུང་དང་སྐད་ཡིག་ལ་རྒྱུད་འཛིན་དང་བདག་སྲུང་ཆེན་པོ་བཟུང་མཁན་ཞིག་
ཡིན།
དེ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཕྲུག་ཁྱིམ་སྡེ་རུ་ལས་བྱེད་
ཡོངས་ལ་སྩལ་གནང་བའི་སྐབས་གསུངས་སོང།
ད་དུང་ད་ལྟ་དགེ་རྒནན་བྱེད་བཞིན་པ་ཡང་ན་འབྱུང་འགྱུར་བྱ་རྒྱུ་ཡིན་ན་ངེས་པར་
དུ་ ཕྱག་དེབ།
Ethics for millenium ,Beyond religion དང་Hind
swaraj དེ་གསུམ་ཀློག་དགོས། བཅས་གསུངས།
དེ་དང་སྤྱིར་བཏང་གཞུང་ལུགས་དང་རིག་གནས་གང་འདྲ་ཡིན་ན་ཡང་
བོད་པའི་སྐད་ཡིག་ནང་བརྙེད་རྒྱུ་ཡོད་པ་དང། འཛམ་གླིང་ནང་དེང་སྐབས་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་འབྱུང་འགྱུར་ལ་བོད་ཀྱི་
ཆོས་དང་སྐད་ཡིག་ཡིན་པས་རང་གི་རིག་གཞུང་བོད་པས་བདག་སྲུང་བརྒྱུད་འཛིན་བྱེད་ དགོས་པ་ནི་གཉིས་པའོ།།
གསུམ་པ།
སློབ་མ་རྣམས་ལ་གདེང་ཚོད་བསྐྲུན་ནུས་པ། ང་ཚོ་ནི་སྤྱིར་བཏང་འབྱུང་འགྱུར་དགེ་རྒན་ཞིག་ཡིན་པས།
དགེ་རྒན་གྱི་བྱ་གཞག་ནི་སྤྱི་ཚོགས་དང་སློབ་མ་ཕན་ཚུན་ལ་འབྲེལ་བ་ཡོད་པས། དེ་ཡོང་བ་ལ་གདེང་ཚོད་དགོས་པ་ནི་ཁ་གསལ་གཏིང་གསལ་ཡིན།
དེ་ཡང་ང་ཚོས་དགེ་འོས་ཤེས་རིག་རིག་པའི་སློབ་ཚན་ནང་ཡོད་པའི་greek་གྱི་མཁས་དབང་socrates
གི་ཕྱག་དེབ། a guides of happiness ནང་
ལ་གསལ་སྟོན་ལྟར།
སྤྱི་ཚོགས་ནང་རྙོག་གྲ་ཆེ་ཆུང་གང་མང་ཞིག་གདེང་ཚོད་ཉམས་པའི་རྐྱེན་ཡིན་ཟེར་
ཡོད།
སོང་ཙང་ང་ཚོ་ནི་དགེ་རྒན་ཞིག་དང་བོད་རིགས་སྐྱབས་བཅོལ་བ་ཞིག་ཆགས་ནས་གང་ཅི་
ཐོག་ཧུར་ཐག་གནང་དགོས་པ་དང་སྤྱི་ཚོགས་སྟེང་གདེང་ཚོད་ལྡན་པ་ཞིག་བསྐྲུན་ཐུབ་
བྱ་དགོས་པ་ནི་གང་ལ་བརྗོད་དགོས།
མཐར་བོད་
པའི་ལུགས་སྲོལ་ནང་འགྲེལ་བ་ དང་རྩ་བ་རིང་པོ་རྣམས་ཕྱོགས་བསྡུས་པོ་དང།
ཁུངས་བསྡུས་པོ་བཟོས་ཡ་ལུགས་སྲོལ་ཡོད་པ་བཞིན ཕྱོགས་གཅིག་ནས་་དེ་ནི་གལ་འགངས་
དང་དགེ་མཚན་ཞིག་རེད།
དོན་སྙིང་འདི་རིང་ཐོལ་བྱུང་གཏམ་བཤད་ལ་དམིགས་ཡུལ་མང་པོ་ཞིག་ཡོད་ན་ཡང་གཙོ་བོ་
དེ་གསུམ་ལ་དམིགས་པ་ཡིན་པས་།
ཁྱེད་རྣམས་ཀྱིས་དམིགས་ཡུལ་དེ་དང་མཚུངས་སེམས་ལ་སྙིང་བཅངས་བྱེད་ནས་གཅིག་ཕན་
གཅིག་གྲོགས་ངང་ནས་ཆ་ཤས་གདེང་སྤོབས་ངང་ལེན་རོགས་གནང་འབོད་སྐུལ་དང།
ང་ཚོ་བཙན་བྱོལ་བ་དང་བོད་མི་ཞིག་ཡིན་པ།
དུས་ཉག་འཕྲང་ལ་ཡོད་པ་མ་བརྗེད་པར་གཅིག་སྒྲིལ་ངང་ཆ་ཤས་བླངས་རོགས་བསྐྱར་དུ་རེ་
སྐུལ་དམ་པོ་ཞུ།
དེ་རྗེས་སློབ་མ་བསྟན་འཛིན་ནམ་མཁའ་ལགས་ཀྱིས་འདི་རིང་ ཐོལ་བྱུང་གི་་གཏམ་བཤད་ཀྱི་མདོ་འཛིན་པ་གནང་གི་རེད། སོང་ཙང་ཐུགས་མཉེས་པོ་ཡོང་བ་རེ་བ་ཞུ།
ནམ་མཁའ་ལགས་ཕེབས་རོགས་གནང། ནམ་མཁའ་ལགས།.........
No comments:
Post a Comment