རིགས་པ་ཅན་གྱི་སློབ་མ།
རིང་བོ་མ་ལོན་པའི་ཉིན་ཁ་ཤས་སྔོན་ལ་རྡེ་ར་རྡུན་གྱི་nyoenga སློབ་གྲ་ནང་ལ་དགེ་རྒན་ཞིག་གིས་སློབ་ཁྲིད་བྱས་སྐབས།
སློབ་མ་ག་གེ་མོ་ཞིག་ལུས་སྟོབས་རིང་ཡང་བསམ་བློ་གཏོང་ཚད་དམན་པ་དབང་གིས་འཛིན་གྲྭ་ནང་དགེ་རྒན་གྱིས་སློབ་ཁྲིད་བྱས་སྐབས་སློབ་མ་གཞན་རྣམས་ཧ་ཅང་མགྱོགས་པོ་
གོ་རྟོགས་བྱུང་ན་ཡང་ཁོང་ནི་ཤེས་ཁག་པོ་ཞིག་ཡིན།
ད་དུང་ཁོང་ནི་དམིགས་བསལ་ལྟ་སྐྱོང་དགོས་པའི་སློབ་མ་ཞིག་ཡིན་དུས་སེམས་ནང་གང་
དྲན་དེ་ཁ་གསལ་གཏིང་གསལ་ངང་འཛིན་གྲྭའི་ནང་སྐད་ཤུགས་ཆེན་པོའི་ངང་ངོ་ཚ་མ་འཛེམ་ནས་བཤད་མཁན་ཞིག་ཡོད།
སྐབས་ཤིག་རེས་གཟའ་སྤེན་པ་ཉིན་རྩིས་རིག་རྒན་ལགས་ཀྱིས་རེས་གཟའ་ཉི་མ་གུང་སེང་སྐབས་ལ་སློབ་མ་ལ་རང་སྦྱོང་ཚུལ་དུ་སྡོམ་རྩིས་སྦྱང་དགོས་པ་དང།
རེས་གཟའ་ཟླ་བ་ཉིན་འབྲི་རྒྱུགས་གཏོང་རྒྱུ
་གསལ་བསྒྲགས་བྱས།
སློབ་མ་ཚང་མ་རེས་གཟའ་ཉི་མ་གུང་སེང་སྐབས་ཉལ་ཁང་ནང་ལ་ཨང་རྩིས་སློབ་དེབ་དང་
སྨྱུ་གུ་འཁྱེར་ནས་སྦྱང་བསྡད་པའི་སྐབས།
ཁོང་པོ་ལེ་ཐང་དུ་ཉིན་གང་རྩེ་མོ་རྩེད་ནས་དུས་འགྱངས་བྱས།
རེས་གཟའ་ཉི་མ་གུང་སེང་རྫོགས་ནས་རེས་གཟའ་ཟླ་བ་ཞོགས་པ་དེ་ལ་སློབ་མ་ཚང་མ་སེམས་
བདེ་པོའི་ངང་འཛུམས་མདང་ལྷང་ལྷང་འཛིན་གྲྭར་ཡོང་སྐབས།
ཁོང་མགོ་གུག་གུག་ནང་འཛིན་གྲྭ་ནང་ཡོང་ནས་རྐུབ་བཀྱག་ཐོག་ཁུ་སིམ་མིར་བསྡད། ནམ་རྒྱུན་ནི་སྐད་ཅོར་ཚ་ཤོས་ཤིག་གི་ཁ་ཁུ་སིམ་མིར་བསྡད་སྐབས་ཚང་མ་ཡ་མཚན་ཡིན་པ་ནི་བརྗོད་གང་ལ་དགོས།
དེ་ནས་ཚོགས་ཐེངས་གཉིས་པ་སྐབས་རྩིས་རིགས་ཡིན་དུས་ཚང་མ་སྨྱུ་གུ་དང་ཤོག་བུ་ཅོག་རྩེ་ཐོག་ལ་བཞག་ནས་སྤྲོ་བ་ཆེན་པོའི་ངང་གྲ་སྒྲིག་སྐབས།
ཁོང་གི་གནས་སྟངས་ནི་གཞན་ཞིག་ཡིན་མཆིས། གང་མཚམས་རྗེས་ལ་དགེ་རྒན་གྱིས་དྲི་ཤོག་འགྲེམས་ནས་ལན་བྲིས་རྒྱུ་བྱས་ཀྱང།
ཁོང་སྐར་མ་ཉི་ཤུ་ཙམ་སྨྱུ་གུ་ཁ་ནང་ལ་བླུག་ནས་སོ་བརྒྱབ་ནས་བསྡད། སློབ་མ་ཚང་མ་དྲི་ལན་ཆ་ཚང་ཞིག་དུས་དང་བསྟུན་ནས་བྲིས་ཐུབ་པ་བྱུང་ཡོད་ཀྱང།
ཁོང་གིས་ཀྱང་དུས་དང་བསྟུན་ནས་རྒན་ལགས་ཀྱི་དྲི་བ་དེ་ཇི་མ་ཇི་བཞིན་ལན་ཤོག་ཏུ་འདྲ་བཤུས་བྱས་ཐུབ་པ་བྱུང།
སང་ཉིན་དེ་ལ་རྒན་ལགས་ཀྱིས་ལན་ཤོག་འགྲེམས་སྤེལ་བྱེད་སྐབས་སློབ་མ་ཚང་མ་བརྒྱ་ཆ་༥༠ལས་ལྷག་པ་སོན་ཡོད་ཀྱང་།
་ཁོང་ནི་བརྒྱ་ཆ་ཀླད་ཀོར་རེད། རྒན་ལགས་ཀྱིས་ཁྱེད་གང་བྱས་སོང་བཅས་གཤེ་གཤེ་གཏོང་སྐབས།
དེ་མ་ཐག་ཏུ་རྒན་ལགས་། “ཞ་སྨྱུག་སྒང་ལ་འགྱིག་བསུབ་ཡོད།
འགྱིག་བསུབ་དེ་ཡིས་བསུབ་ཡ་ཡོད།” བཅས་ཟེར།
སློབ་གྲོགས་ཚང་མ་གད་མོ་ཤུགས་ཆེར་བགད་།
རྒན་ལགས་གད་མོ་ཏོག་ཙམ་བགད་ནས་རྗེས་སུ་ཁོང་གི་གཏམ་དེ་ལ་འཛིན་གྲྭ་རྗེས་ནས་ཤག་
ཏུ་དུས་ཚོད་སྟོང་པ་སྐབས་བསམ་བློ་ཞིབ་པོ་གཏོང་སྐབས་གཏམ་དེ་ལ་ནང་དོན་ཧ་ཅང་ཟབ་
མོ་ཞིག་གབ་ཡོད་པ་གཟིགས་ནས།
རྒན་ལགས་ཀྱིས་ཁོང་རྩིས་རིག་ལ་ཨང་ཀི་ཀླད་ཀོར་ཡིན་ཡང་བསམ་བློ་རྣམ་དཔྱོད་ཀྱི་
ཚད་གཞི་ལ་གཟིགས་ནས་གསོལ་རས་སྒོར་བརྒྱ་གནང་བ་་དང་ཁོང་གིས་བཤད་པའི་རིགས་པ་དེ་་སློབ་མ་རྣམས་ལ་འགྲེལ་བརྗོད་ཆ་ཚང་བྱས་ནས།
སློབ་མ་ཚང་མ་ཆེས་ཡ་མཚན་སྐྱེས་ཏེ། དགེ་རྒན་དང་སློབ་མ་ཡོང་ནས་ཟློག་པ་བརྡེབ་ནས་དགའ་བསུ་ཞུས་དགོས་པ་བྱུང་ཡོད།
བསྟན་དོན།
[ང་ཚོས་བཟོས་པའི་གནོད་འཁྲུལ་གང་འདྲ་ཞིག་ཡིན་ཡང་མེད་པ་བཟོས་ཐབས་ཡོད་རེད།
དཔེར་ན་ཞ་སྨྱུག་ཐོག་ཡོད་པའི་འགྱིག་བསུབ་དེ་ཡིས་ཞ་སྨྱུག་གིས་བྲིས་པའི་ཡི་གེ་ནོར་བ་རྣམས་བསུབ་པ་ལྟར་ཡིན་ནོ།]ཕྱི་ལོ་༡༠༡༥ །༤།༡༤ཉིན།
མི་གཞན་ལ་དམན་པ་འཛིན་མི་རུང།
No comments:
Post a Comment