Wednesday, 29 July 2015

ས་སྐྱ་པན་ཊི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་ལོ་རྒྱུས་རགས་བསྡུས།



ས་སྐྱ་པན་ཊི་ཏ་ཀུན་དགའ་རྒྱལ་མཚན་མཆོག
 20111228051044551.jpgས་སྐྱ་པན་ཊི་ཏ་ཀུན་དགའ་རྒྱལ་མཚན་ཞེས་པ་ས་སྐྱ་ལེགས་བཤད་ཀྱིས་མཛད་པ་པོ་ཡང་ན་རྩོམ་པ་པོ་དེ་དབུས་གཙང་གི་ཡུལ་ས་སྐྱ་ཞེས་པ་དེ་ནས་སྐུ་འཁྲུངས། སྤྱིར་དེ་དུསས་སྐྱ་ཞེས་པ་དེ་ས་སྐྱ་གོང་མ་རྣམས་ལྔ་ཡི་ཆོས་ལུགས་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད་ན་ཡང་། ད་གཟོད་སྐབས་འབབ་ཀྱི་ས་སྐྱ་ཞེས་པ་དེ་ཡུལ་གྱི་མིང་[name of the place]་ཞིག་ལ་གོ་དགོས་སོ། ས་སྐྱ་ཞེས་པ་ཡུལ་དེ་དབུས་གཙང་ནང་ཆགས་བའི་ཡུལ་དང་། དེ་མིང་ཐོབ་ཚུལ་ནི་ས་དེ་ཅུང་སྐྱ་མདོག་ཡོད་པས་ཐོབ་པའོ།
ཁོང་ནི་ཆོས་དང་སྲིད་རིག་གནས་ངང་ནས་གལ་ཆེན་ཞིག་རེད།
ཁོང་ནི་ཆོས་ཀྱི་ངང་ནས་ཧ་ཅང་གལ་ཆེན་ཞིགཡིན་པ་ཐོག་གླེང་ན་། ས་སྐྱ་གོང་མ་ལྔའི་ནང་ནས ་བཞི་པ་་ཞིག་ཡིན་པ་དང། བོད་ནང་ཚད་མའི་རིགས་པ་གཞུང་ཐོག་མར་འཛུགས་མཁན་ཞིག་ཡིན་པས། བོད་སོག་ནང་ཆོས་དར་ཁྱབ་གོང་འཕེལ་ཆེན་པོ་གནང་ཡོད།
སྲིད་ཐོག་ནས་ཞུས་ན་། སོག་པོ་རྒྱལ་པོ་ཅིན་གིས་ཁན་[chengiz khan]བུ་དང་བློན་པོ་རྣམས་ཀྱིས་ཕྱི་ལོ་གཉིས་བརྒྱ་ཙམ་ལ་བོད་ཀྱི་དགོན་ལྔ་བརྒྱ་དྲུག་བརྒྱ་ཙམ་དང། བོད་མི་ཁྲི་གཉིས་གསུམ་ཙམ་དམར་བསད་བཏང་ཡོད། དེ་འདྲའི་སྐབས་ཅིན་གིས་ཁན་གྲོངས་ནས་ཁོང་གི་སྲས་གོ་ཏན་དང་ཀུབ་ལའི་སྲིད་བསྐྱངས།

བྱས་ཙང་གོ་ཏན་གྱིས་སོག་པོ་རྒྱལ་ཁབ་སྟོབས་ཤུགས་གང་ཙམ་ཆེ་ན་ཡང་ཆོས་དང་བཟང་སྤྱོད་གལ་ཆེ་མཐོང་སྟེ། དེ་ཕྱིར་ས་པན་བོད་ལ་ཡོད་པ་མཁྱེན་ནས་ཕྱག་ཡིག་་ཐེངས་གཉིས་སྤྲིངས་པས། ས་སྐྱ་པན་ཆེན་མཆོག་ལ་ནང་ཆོས་དང་སངས་རྒྱས་བསྟན་པ་དར་སྤེལ་འབྲེལ་བའི་བཟང་སྤྱོད་བསླབས་ཕྱིར་གདན་འདྲེན་ཞུས། དེ་སྐབས་ས་སྐྱ་པན་ཆེན་མཆོག་དགུང་ལོ་༦༠ཙམ་ཕེབས་པས་ཕེབས་དཀའ་བར་ཡོད་པ་བཀའ་ལན་གནང་ཡོད། དེ་ལན་དུ་ཁྱེད་རང་བཟང་སྤྱོད་དང་ཆོས་པྱིར་གདན་འདྲེན་ཞུ་ཡིས་ཡོད། དེ་ལྟར་ཁྱེད་རང་ཚོས་སྟོན་པས་མི་ཚེ་ཧྲིལ་པོ་ཆོས་ཉམས་ལེན་ཕྱིར་མི་བཏང་བ་རེད། བྱས་ཙང་ཁྱེད་རང་ཚོ་བྱེད་མི་ཐུབ་པ་གང་རེད། དོན་ཚན་གཉིས་པ་ནི། སོག་པོ་ཞེས་པ་དེ་ཡུལ་ཁུག་ཀྱོག་སྐྱོ་བོ་འདྲ་གཟིགས་ཀྱི་ཡོད་ན་བོད་ཞེས་པ་དེ་ཡུལ་ལ་གཏོར་བཤིག་གཏང་རྒྱུ་ཡིན་པར་ཉེན་བརྡ་བཏང་ཡོད། གོ་ཏན་ཁང་གིས་ཞི་བ་དང་དྲག་པོ་ངང་ནས་ཡི་གེ་ཞིག་གཏོང་ཡོད། དེ་ལ་གཟིགས་ནས་བོད་ཀྱི་ཆབ་སྲིད་ཕྱིར་ཕེབས་དགོས་བྱུང་བ་དེ་ནི་ཧ་ཅང་གི་དཀའ་དྲིན་ཆེན་པོ་རེད།
སོག་པོར་གནའ་རབས་ཀྱི་རྨོངས་དད་དང་དམར་ཆོས་རིགས་བསྣུབས། ར་ལུག་སྲོག་གཅད་པ་དང་ཕྲུ་གུ་ཆུ་ནང་གཡུགས་པ་རྣམས་མེད་པ་བཟོས།དེ་ལ་ཆོས་འཁོར་དུ་མ་བསྐོར་ནས་སོག་ཡུལ་ལུང་པ་དེ་རུ་ནང་ཆོས་ཐོག་མར་དབུ་བརྙེད། ནང་པ་ཙམ་མ་ཡིན་པར་ད་གཟོད་བོད་རྒྱུད་ནང་བསྟན་[tibet budhist]ཆགས་ཡོད། ད་གཟོད་སོག་པོ་ནང་ཆོས་དར་དགོས་པ་དེ་ནི་ས་སྐྱ་པན་ཆེན་གྱི་དཀའ་དྲིན་ཡིན།
དེ་ནས་བཟུང་བོད་ནས་སོག་པོ་ལ་དམག་བརྒྱབས་མེད་དེ་རྒྱུ་མཚན་ནི་བོད་པས་སོག་པོ་དམག་རྒྱབ་པ་ལ་དམག་དཔུང་མེད་ལ། དེ་སྐབས་སོག་པོ་ཧ་ཅང་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཞིག་ཡིན། སོག་པོས་ཨེ་ཤེ་ཡ་ཚ་ཆང་དབང་བསྡུས་ཡོད།

གང་ལྟར་བོད་པ་ཞེས་པ་དེ་སྐྱོ་བོ་ནམ་ཡང་བྱུང་མེད། རྒྱལ་ཁབ་གཞན་ཞིག་་ཡི་གེ་བཟོས་མཁན་དང་ཆོས་གསར་བ་བསྟན་མཁན། དབང་བསྡུས་མཁན། དེ་སྐབས་སོག་པོ་ནི་འཁོར་ཏུ་འགྱུར་བའི་ཡུལ་ཡིན་ན་ཡངསོག་པོ་སེམས་དེ་བོད ་མི་ཞིག་གིས་དབང་འདུས་ཐོབ་པ་བྱུང་ཡོད། དེ་ནི་སེམས་དབང་བསྡུས་པ་དེ་ནི་ས་ཆ་དབང་བསྡུས་པ་ལས་ཆེའོ།
རིགས་པའི་གནས་ལྔ་ཆེ་བ་དང། ཆུང་བ་ལྔ། ཐོག་མར་དབུ་བརྙེད་།

གསུང་རྩོམ་ལ«ཐུབ་པའི་དགོངས་ པ་རབ་ཏུ་གསལ་བའི་བསྟན་བཅོས» དང་«ཚད་མ་རིག་གཏེར»«ལེགས་པ་བཤད་པ་རིན་པོ་ཆེའི་གཏེར»«གཞུང་ལུགས་ལེགས་པར་བཤད་ པའི་བསྟན་བཅོས»«ཚིག་གཏེར»«རོལ་མོའི་བསྟན་བཅོས»«མཁས་པ་ལ་འཇུག་པའི་སྒོ»སོགས་ མང་དུ་བཞྭགས་སོ།།


རིག་གནས་ལྔ་ལྡན་ལ་མཁས་པ་རྣམས་ལ་པན་ཊི་ཏ་ཟེར། ཁོང་ནི་བོད་ནང་པན་ཊི་ཏ་ཐོག་མར་ཡིན།
དེ་བཞིན་སུམ་ཅུ་པ་དང་རྟགས་འཇུག་ཟེར་བ་དེ་ཐོན་མི་བརྩམས་པར་རེད་དགེ་རྒན་རྣམས་ཀྱིས་ཟེར་སྲོལ་ཡོད་ན་ཡང་ས་སྐྱ་པན་ཆེན་བརྩམས་པར་འདོད་ཚུལ་ཡོད། དེ་ཡང་བོད་ནང་ཆ་བྲག་ཚེ་བརྟན་ཕུན་ཚོགས།   ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། རྒྱ་གར་ནང་དུ་འདོད་ཚུལ་དུ་མ་བྱུང་ཡོད།
སོགཔོ་ཡི་གེ་ལ་འཕགས་པ་ཡི་གེ་ཟེར། དེ་ཡང་ད་གཟོད་ལ་དྭག་བཞིན་ཁོང་ཚོས་ས་”དེ་ཤུགས་སྒྲ་གྲགས་ཟོལ་ཡོད། གང་ལྟར་ཡང་འཕགས་པ་ཟེར་བ་དེ་ས་སྐྱ་པན་ཊི་ཏ་ཟེར་ཚུལ་ཡོད་པས་ཁོང་གིས་བརྩམས་པའི་ཡི་གེ་ལ་འཕགས་པའི་ཡི་གེ་ཟེར།

No comments:

Post a Comment