Friday, 31 July 2015

བུ་དང། བུ་སྤུན།



བུ་དང། བུ་སྤུན།

བོད་ཀྱི་ཆོལ་གསུམ་གྱི་ཁ་སྐད་དུ། “བུ” “བུ་སྤུན”ཞེས་པ་སྤྱོད་ཚུལ་ཡོད་པ་དང། དེ་བཞིན་དབྱིན་ཇི་ནང་ལ་ “boy”དང་brother དེ་བུ་ཟེར་ན་boy དང་བུ་སྤུན་ཟེར་ན་brother ལ་གོ་བར་མངོན།
Boy ཟེར་བ་ཚིག་དེ་འབྱུང་རྩ་གང་ཡིན་ཚིག་ཐག་ཆོད་པ་ཞིག་ཞུ་དཀའ་ ཡང་། ཕྲན་གྱིས་ད་བར་དཔྱད་ཞིབ་བྱས་པ་ལྟར་ན། “boy’’brother ཞེས་པ་དེ་། བུ་དང་བུ་སྤུན་ལ་འབྲེལ་བ་ཡོད་ས་རེད་སྙམ
འཛམ་གླིང་ཤེས་བྱ་ཀུན་བཏུས་ནང་དབྱིན་ཇི་སྐད་རིགས་འཕེལ་རིམ་ལ་ཞིབ་བཤེར་བྱས་སྐབས། སྤྱིར་དབྱིན་ཇི་ཟེར་བ་དེ་སྐད་རིགས་རྙིང་པ་ཞེ་དྲགས་ཤིག་ཡིན་ན་ཡང། དེ་ལ་སྐད་རིགས་གཞན་གྱིས་ཤན་ཤུགས་དང་དུས་ཀྱི་དབང་འགྱུར་ལྡོག་མང་པོ་བྱུང་ཡོད། དཔེར་ན། དེང་སང་ཡང་དབྱིན་ཇི་ཚིག་ནང་latinཚིག་འབྲུ་abdomen Bishop cop protector དེ་འདྲ་མང་པོ་ཞིག་དབྱིན་ཇི་ནང་གཞན་གྱི་སྐད་ཡིག་རང་སྐད་བཞིན་བེད་སྤྱོད་གཏོང་ནས་གནས་ཡོད། སོང་ཙང་དུས་ཀྱིསདབང་ཡིག་ཆ་མང་པོ་ཞིག་ནང་དབྱིན་ཇི་སྐད་ཡིག་འཕེལ་རིམ་དེ་ས་བཅད་དེ་དབྱེ་བ་འབྱེད་ཚུལ་ཁ་ཁ་ཡོད་ཀྱང། སྐད་ཡིག་མཁས་དབང་མང་པོས་ས་བཅད་དེ་གསུམ་དུ་འབྱེད་སྲོལ་འདུག།
དེ་ཡང།
སྔ་མོའི་དབྱིན་ཡིག  modern English
བར་མའི་དབྱིན་ཡིག middle English
དེང་རབས་ཀྱི་དབྱིན་ཡིག  modern English བཅས་རེད།


དེ་ཡང་སྔ་མོའི་དབྱིན་ཡིག་རྫོགས་ནས་བར་མའི་དབྱིན་ཡིག་སྐབས་སུ་ཚིག་འབྲུ་”boy’’ཟེར་བ་དེ་ཐོག་མར་དབྱིན་ཇི་ཚིག་འབྲུ་ནང་སྤྱི་ལོ་༡༥༠༠མཚམས་དུ་དར་བ་ཞིག་རེད། དེ་སྐབས་ང་ཚོའི་བྱུང་རབས་ལ་བལྟས་ན་བོད་ཡིག་དང་བོད་སྐད་བརྡ་སྤྲོད་རིགས་ཡོངས་རྫོགས་འཕེལ་རིམ་ཕྱིན་ཟིན་པ་རེད། སོང་ཙང་དབྱིན་ཇི་ཚིག་boy དང་brother ཟེར་བ་དེ་བོད་པའི་ཐ་སྙད་ བུ་དང་བུ་སྤུན་ལ་ལྟོས་ནས་གྲུབ་པ་རེད་སྙམ། སྐད་རིགས་མང་པོ་ཞིག་ཕན་ཚུན་སྒྲ་གདངས་དབང་འགྱུར་ནས་རང་སྐད་དུ་འགྱུར་བ་ཡང་མང་པོ་ཡོད། དཔེར་ན། དེབ་ཐེར་དཀར་པོ་ནང་བོད་ཀྱི་མིང་འབྱུང་རབས་རགས་ཙམ་གླེང་ན། བོད་ཀྱི་མིང་ལ་ཐུ་བྷོད་ནས། རྒྱ་གར་གྱི་ तिब्बत དང།   དབྱིན་ཇི་ནང་Tibet སོགས་རིམ་པའི་སྐད་གདངས་དབང་གྲུབ་པ་མཁས་དབང་དགེ་ཆོས་མཆོག་གིས་དྲངས་ཡོད་པ་དེ་བཞིན་བུ་དང་བུ་སྤུན་ཟེར་བ་དེ་ཡང་། དབྱིན་ཇི་ནང་boy དང་ brother འགྱུར་ཡིན་སྲིད་སྙམ།
དེ་བཞིན་སྔར་བོད་ལ་སློབ་གྲྭ་ནང་རྐང་རྩེ་པོ་ལེ་རྩེད་སྐབས་སངས་རྒྱས་སྐུ་འདྲ་ལ་རྡོག་རྡེག་མི་རྒྱག་ཟེར་ནས་དེ་ནས་པོ་ལེ་རྩེད་མོ་ཉམས་ཆགས་སུ་སོང་ཡོད། པོ་ལེ་ཟེར་བ་ཚིག་འབྲུ་དེ་ཡང་དུས་བར་མའི་སྐབས་germany ནས་བྱུང་བ་འདོད་ཚུལ་ཡོད་ན་ཡང། ་ད་ལྟ་བསམ་བློ་ཡག་པོ་གཏོང་ན་བོད་པའི་སྐད་རིགས་ནང་པོ་ལེ་དང་དབྱིན་ཇི་ball གཉིས་ཧ་ཅང་སྐད་གདངས་མཐུན་པ་རྐྱེན། བོད་སྐད་ནས་བྱུང་བ་ཡིན་སྲིད།
དེ་དང་འདྲ་བ། དཔེར་ན་དེང་སང་ང་ཚོ་དབྱིན་སྐད་ནང་དུ་ཡོད་པ་computer ཟེར་བ་དེ་བོད་པའི་ཐ་སྙད་མེད་ན་ཡང་
དུས་དང་སྐད་གདངས། མིང་ཚིག་འགྱུར་འགྲོས་དབང་དུ་བེད་སྤྱོད་རྒྱུན་དུ་གཏོང་ནས་ད་ལྟ་ཀམ་པུ་ཊར་ཟེར་བ་དེ་བོད་ཀྱི་
ཐ་སྙད་བཞིན་བེད་སྤྱོད་གཏོང་གི་་ཡོད་པ་མ་ཟད། མ་འོངས་པ་ཐ་སྙད་གཞན་ཞིག་མ་བརྙེད་རིང་དེ་ནི་བོད་སྐད་ཐ་སྙད་ཀྱང་
ཆགས་རྒྱུ་གཏན་འཁེལ་ཡིན། དེ་བཞིན་རྒྱ་གར་བས་དེ་ཁ་རྒྱུན་དུ་བེད་སྤྱོད་པའི་དབང་ कंप्यूटरཟེར་བ་ཡིག་ཆ་ཁག་
ཚང་མ་ནང་རང་སྐད་བཞིན་བྲིས་ཡོད་པ་ནི། སྐད་ཡིག་གིས་ཤན་ཤུགས་དབང་འགྱུར་ལྡོག་མ་རེད་དམ།
 
སྐད་རིགས་བྱེ་བྲག་གཅིག་ནང་ལ་འགྱུར་འགྲོས་ཡོད་པ་ནི་དཔེར་ན།
ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་ལས། 


དུས་ཀྱི་འགྱུར་འགྲོས་དང་མཉམ་དུ་མིང་ཚིག་གི་གོ་དོན་ཡང་འགྱུར་འགྲོ་བ་ནི་སྒྲ་ རྟོག་ཡུལ་ལ་དངོས་དབང་གིས་
མི་འཇུག་པའི་དན་རྟགས་ཤིག་ལོས་ཡིན། བོད་དུ་ཡི་གེ་དང་བརྡ་དག་གི་རྣམ་གཞག་དར་བ་ནས་བཟུང་ལེགས་སྦྱར་
སྐད་དུ་ཤིཀྵཱ་ཞེས་པ་བོད་སྐད་དུ་བསླབ་པ་ཞེས་པར་བསྒྱུར་ཡོད། དེའང་དངོས་མིང་ལ་སྦྱར་སྐབས་བསླབ་པ་
དང༌། བྱ་ཚིག་ལ་སྦྱར་སྐབས་བསླབ་+པའ་ཞེས་སྒྲ་གདངས་འདོན་ཚུལ་མི་འདྲ་བ་ཙམ་ལས་ཡི་ གེའི་དག་ཆར་ཁྱད
པར་མེད། འདི་ནི་བོད་སྐད་ཀྱི་ཁྱད་ཆོས་ཀྱི་གྲས་ཤིག་སྟེ་དཔེར་ན་བཟའ་བ། བཟའ་+བའ། བཞོན་པ། བཞོན་+ པའ་
ལྟ་བུ་ཇི་སྙེད་ཅིག་ཡོད། ཤིཀྵཱ་ལ་བསླབ་པ་དང༌། ཤིཀྵཱར྄ཐཱི་ལ་སློབ་མ། ཤིཀྵིཏ་ལ་བསླབ་ལྡན། ཤིཀྵཱནྟ་ལ་སློབ་པ་མཐའ།
 ཨཤཻཀྵ་ལ་མི་སློབ་པ་བཅས་སུ་བསྒྱུར་ཏེ་སླ་ཡི་བྱིངས་ལས་བྱ་བྱེད་དུས་གསུམ་ལ་ ལྟོས་པའི་བསླབ་སློབ་སོགས་
བརྡ་ཆད་ཀྱི་རྣམ་གཞག་གཏིང་ཚུགས་པ་བྱུང་ཞིང༌། དེའི་ཟླས་དྲངས་པའི་སློབ་དཔོན། སློབ་གྲྭ། སློབ་གཉེར། 
སློབ་ཚན། སློབ་དེབ་སོགས་རྗེས་འབྲེལ་གྱི་མིང་ཚིག་ཇི་དགོས་མི་ཕོངས་པ་ཡོད།
 
བཅས་གསལ་བ་ལྟར་སྐད་རིགས་དེའི་མིང་ཚིག་དབང་གིས་གོ་དོན་ལ་འགྱུར་བ་འགྲོ་ཡི་ཡོད་པ་ནི་གསལ་པོ་རེད།
 བོད་སྐད་དུ། བུ་ ཟེར་བ་དེ་དང་ བུ་སྤུན་ཟེར་བ་དེ། བུ་+སྤུན་སྦྱོར་བ་ཞིག་རེད། དེའི་རྗེས་འབྲེལ་དབང་སྐད་ཡིག་
གཞན་གྱི་མིང་ཚིག་ནང་དུ་སོང་ནས་ boyདང་ brother ཟེར་བ་བྱུང་ཡིན་སྙམ་ཟེར་བ་དེ། ཐ་མ་རང་ཉིད་རང་གིས་
སྐད་ཡིག་ལ་ཆེ་མཐོང་དང་བརྩེ་དུངས་དབང་མ་ཡིན་པར་བསམ་བློ་ཞིབ་བཤེར་ངང་བྲིས་པའོ།
 

No comments:

Post a Comment