རྒྱ་གར་གནས་ཆེན་གང་ག་རུ་འགྲུལ་བཞུད་ཀྱི་དྲན་ཐོའི་ཆུ་ཐིག
རིགས་ཀྱི་བུ་བཟང།
ངས་ཉིན་ཞིག་གི་གང་ག་རུ་འགྲུལ་བཞུད།[one day trip to Ganga]
གང་གའི་བྱེ་མ་ཆུ་རྒྱུན་དལ་གྱི་ལོང།།
འཕགས་པའི་ཕྱེད་གླིང་ཞིང་རླབས་ཕྲེང་འཕྱུར་ནས།།
རི་བོ་ཏེ་སེ་གང་ག་འཛིན་མཁན་མཆོག།།
འབྲས་ལྡན་དུས་ཀྱི་དཔལ་མོ་རྒྱན་དུ་འགྱུར།།
ཅེས་བསྔགས་འོས་ཀྱི་བརྗོད་དུམ་གོང་དུ་གསོལ་བ་བྱེད་ནས་དུས་རིང་མ་སོང་བའི་ རྐྱེན་འདི་རིང་ཉིད་ཕ་སྤྱི་སྤྱོད་འཁོར་ལོའི་བབ་ཚུགས་ལ་སྐྱེལ་མ་བྱེད་ཞོར་རྒྱ་ གར་གྱི་ཆུ་བོ་རྩ་ཆེན་གང་ག་ལ་ངལ་གསོ་ཟོལ་དུ་སྐོར་བལྟ་རུ་སོང་བ་གོམ་བགྲོད་ ཀྱི་གཏམ་གང་ཞིག་མི་ཉུང་བ་གླེང་འདོད་སྤྲོ་བ་བརྟས།
ལྦ་ར་ན་སིར་གཙུག་ལག་སློབ་གཉེར་ཁང་ནས་ནས་གང་ག་དབར་ལ་སྤྱི་ལེ་བཅུ་ཙམ་ཡོད། དེ་ནས་ཐོན་ན་གཞུང་ལམ་མ་སླེབས་སྔོན་དུ་ལམ་ངོས་སྒང་གཤོང་གསུམ་གྱིས་རླངས་འཁོར་ དང་རིག་ཤོའི་ནས་ཆས་ན་འཕར་ལྡེམ་གྱིས་ཧ་ཅང་སྟབས་མི་བདེ་བ་ཡིན་ཡང་། གཞུང་ལམ་ངོས་སུ་བསླེབ་པ་ལ་གམ་ན་ཡོད་པའི་བཟོད་བསྲན་བྱེད་ཐུབ། གཞུང་ལམ་གྱི་ངོས་ནི་རྡོ་རིག་ནག་པོའི་ལམ་འཁོད་སྙོམས་པོ་ཞེ་དྲགས་རེད་ལ་ཚོས་ མདོག་ནག་པོ་དེ་ནི་གནས་ཚང་རྒྱ་གར་་ཡུལ་མི་རྣམས་ཀྱི་ངོ་གདོང་གི་ཚོས་མདོག་དང་ མཚུངས། ཡུལ་དེའི་ཡུལ་མི་ཀྱི་གཤིས་སྤྱོད་དང་ལྡོག་པ་ཞིག་ལ་ལམ་ནི་ཞི་ཞིང་འཇེམ་གིས་ འོད་མདངས་བཀྲ་བ། སོང་ཙང་གཞུང་ལམ་གྱི་འགྲུལ་བཞུད་རྣམས་ཞིང་པ་འདི་ལོའི་ལོ་ཏོག་ཡོར་ཐོན་ཡངས་པོ་ སྨིན་པ་ཞིང་འགྲུལ་བཞུད་བ་རྣམས་དགའ་སྐྱིད་རོལ་ཞིང་་འཛུམ་དམུལ་བཞིན་ཆས་ཀྱི་ མཆིས།
དེ་ལྟར་ཟུར་དུ་མོ་ཊ་མ་བླང་བར་འགྲུལ་བ་གཞན་ལྷན་དུ་སྤྱིར་བཏང་བཞིན་འཚང་ཀ་ནས་ འགྲོ་དགོས་ཡོད་ན་མོ་ཊ་ཐེངས་གཉིས་བརྗེ་འགྱུར་བྱས་ནས། འགྲུལ་བཞུད་ཀྱི་རིན་པའི་དངུལ་འབོར་ཉུང་བ་རེད།
ལམ་ཕྱོགས་གཡས་གཡོན་དུ་མཚོན་རྩི་གང་ཡང་མེད་པའི་སྐྱ་མདོག་ཅན་གྱི་ཁང་པ་ཇི་ཙམ་དང་།
དགོས་མཁོ་དང་འཚམ་པའི་ཚོང་ཁང་ཆེ་ཆུང་འབྲིང་གསུམ་གྱི་བརྒལ། ད་དུང་ལམ་ཟུར་དུ་ས་ཐག་རྒྱང་རིང་ནས་སླེབས་པའི་གྲོང་གསེབ་ཀྱི་སྔོ་ཚལ་དང། ཤིང་ཏོག འཕྲུལ་འཁོར་བཟོ་མཁན་། རིག་ཤོའོ་དང་མོ་ཊ་གཏོང་མཁན་གྱི་ཁེངས་ཡོད་པས་འབག་ཚོགས་ཀྱི་སྒྲ་རིགས་མི་འདྲ་ བ་ཐོས་པ་དང་མཐོང་ཡོང་། ད་དུང་རྣམ་གཡེང་ཡེ་ནས་དོ་སྣང་ཅན་གྱི་གྲུང་པོའི་ངང་ལམ་ཟུར་དུ་བལྟས་སྐབས་རྒྱ་ གར་ཕྲུ་གུ་ཆུང་ཆུང་རྣམས་དངུལ་དང་ཟ་རིགས་སློང་བསྡད་པ་དང། ལ་ལའི་སྡོད་གུར་ནང་དུ་ལྕག་དང་ཤིང་བཟོའི་ཅུང་ཙགས་རིགས་བཟོ་བསྡད་པ་མཐོང་དུས་ སེམས་ནང་ལ་མཚུངས་བསྡུར་གྱིས་རྒྱལ་ཁབས་མེད་པའི་ཡུལ་གྱར་བ་ཞིག་ཡིན་ན་ཡང་སྐབས་ འབབས་ཀྱི་འཚོ་བ་ཁྲོད་བསོད་ནམས་ཤིག་ཡིན་པ་དང། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་རྗེ་ཡིད་དུ་དབྱིངས་ཞིང་རྒྱ་ གར་གྱིས་ཐུགས་རྗེ་ཉག་ཅིག་རྣམས་འཆར་ཡོང བ་ནི་ལྟ་ཅི་སྨོས།
ལྦ་ན་མཐོ་སློབ་ཆེན་མོ་ཁྲོད་སྤྱི་སྤྱོད་འཁོར་ལོ་བབ་ཚུགས་དང་མེ་འཁོར་བབ་ཚོགས་ བརྒྱུད་ཆུ་ཚོད་ཕྱེད་ཀ་ཙམ་ཁྲོད་ནས་གང་ག་བསླེབས་སོང། དེའི་སྐབས་སུ་ཆུའི་སྦགས་འདྲེས་མང་པོ་དེ་ལ་རྒྱ་གར་ལས་མཁན་མང་པོ་ཞིག་གིས་ཆུ་ འདྲེན་ནས་གཙང་མ་བཟོ་བཞིན་འདུག་པ་རྐྱེན་ནི་རྒྱ་གར་གྱི་སྲིད་བློན་ནེརན་རྡར་ མོ་ཏི་སང་ཉིན་ཕེབས་འཆར་གཏན་ཁེལ་རེད་འདུག སྤྱིར་འདས་པའི་ལོ་ལ་གཅིག་གླེང་ན་ སྤྱི་ལོ་༢༠༠༧ལོར་རྒྱ་གར་གྱི་ཆུ་བོ་ངོས་ནས་སྦགས་འདྲེས་མང་ཤོས་ཨང་ལྔ་པ་གང་ག་ རེད་འདུག སྦགས་ཆུ་དེས་མི་ཙམ་མ་ཡིན་པ། འཁྱུག་བཞིན་པའི་ཉ་འདྲ་སྨིན་ཁག་དང། གསོན་ཉམས་ཅན་གྱི་ས་ཆུ་གཉིས་སྤྱོད་ཀྱི་སེམས་ཅན། སྟོང་ཉེན་ཆེ་བའི་སེམས་ཅན་ཊོལ་ཕིན་བཅས་ལ་གནོད་ཚབས་ཆེན་པོ་ཆགས་ཡོད། སྤྱིར་བཏང་གི་འདི་ལོར་ཙམ་མ་ཡིན་པར་འདས་པའི་ལོ་མང་པོ་ནང་ལ་ཆུ་སྦགས་ཆུ་རྣམས་ གཙང་སེལ་བཟོས་རྒྱུ་སྲིད་བྱུས་གཏན་བེབས་བྱས་ཡོད་ཀྱང། ལྐོག་ཟ་དང། འཕྲུལ་ལས་མཁས་པ་ཉུང་བ་དང། འཁོར་ཡུག་འཆར་གཞི་ཞན་པ་དང་ཆོས་ལུགས་ཁག་གི་རོགས་ཟླ་མེད་པས་རྐྱེན་ད་ལྟ་ཡང་ དངྭས་གཙང་བཟོ་དཀའ་མོ་ཡིན།
དེའི་དུས་སུ་མཚོའི་ཁ་རུ་གར་སྟེགས་ལ་མི་མང་པོ་ཞིག་སྟར་ལ་རྐུབ་བརྩུགས་ནས་ བསྡད་འདུག ད་དུང་ཁ་ཤས་གད་ཕྱིས་ངང་གཙང་མ་བཟོ་བཞིན་མཐོང་སོང། གང་འཚམས་ཉི་མ་སྒྲིབ་སྐབས་ཆོས་པ་མང་པོ་ཞིག་གིས་དགུང་མོར་ཆུའི་ཟུར་དུ་གཟབ་ མཆོར་ངང་མཆོད་མེ་འཁྱེར་ནས་མཆོད་པ་ཕྱག་ལེན་བྱས་པ་དང། དེ་ནི་ལྷ་དབང་ཕྱུག་གིས་ཆུ་མོ་གང་ག་འབྱེད་པའི་དྲན་རྟེན་ཆེད་དུ་ཡིན། ད་དུང་་ཕྱི་རྒྱལ་ནུབ་ཕྱོགས་བ་མགོ་སེར་དང། རྒྱ་གར་སྒོར་སྲུང་བ། རྒྱ་གར་མི་མང་བཅས་མི་ཆོགས་སྟོང་རིགས་འཛོམས་ཞིང། མེ་ཏོག་འདབ་བརྒྱ་རྣམ་པ་བཞད་པ་བཞིན་དགའ་རོལ་གྱིས་གྲུ་ཞོན་པ། རྟ་རྒྱུག་གཏོང་བ། པར་ཆས་རྒྱག་པ་བཅས་རིགས་སྣ་ཆོགས་མཐོང་བ་ནི་ཧ་ཅང་དགའ་ཚོར་སྐྱེས་ལོད་ཡིན།
དེའི་སྐབས་སུ་ཆུའི་སྟེང་དུ་གཟུགས་པོ་ཁྲུས་མཁན་ལ་ཞིབ་ན། ཁོང་ཚོས་ཆུ་མོ་དེ་ནི་ལོ་སྟོང་ཕྲག་མང་པོ་ནས་རྩ་ཆེན་པོ་ཡིན་པས་ལོ་ལྟར་བཞིན་ ཐེངས་རེར་གཟུགས་པོ་ཁྲུས་བ་ཡིན་ན་སྡིག་སྒྲིབ་རིགས་ཀུན་བྱང་གི་ཡོད་པ་ཡིད་ཆེས་ བྱས་སྲོལ་ཡོད།
ད་དུང་ལྦ་ར་ན་སིར་ནི་མི་འདས་གྲོངས་ཕྱིན་ས་ཡུལ་ཞིག་ཏུ་འཇོག་གི་འདུག ཧིན་རྡུ་ཆོས་པ་རྣམས་ཀྱིས་ལྦ་ར་ན་སིར་ཆུ་མོ་གང་ག་ཉེ་འགྲམ་དུ་གྲོངས་པ་ཡིན་ན་ འཁོར་བའི་སྡུག་སྔལ་ལས་གྲོལ་ཞིང། གལ་སྲིད་ཁྱེད་རང་ལ་དངུལ་རྫས་གང་ཡོད་པ་ཡིན་ན་ཆུ་ནང་ལ་གཡུག་པ་ཡིན་ན་བདེ་བར་ བརྙེད་པ་དང་མི་དབུལ་པོ་རྣམས་ལ་སྦྱིན་གཏོང་བ་དང་གཅིག་མཚུངས་རྩི་སྲོལ་ཡོད། ཡིན་ཡང་མི་ཕུངས་པོ་ནི་ཆུ་ཁའི་ཡོལ་ཞིང་ཤ་རུས་གཉིས་ཀ་མཐོང་སྐབས་འཇིགས་སྣང་ཞེ་ དྲགས་འདུག་བས། འཁོར་བ་ལས་ཐར་རྒྱུ་སོམ་ཉི་སྐྱེ་སོང་།
འདས་པའི་ལོ་མང་ནང་རྒྱ་གར་ཡུལ་མི་ལྦ་ར་སིར་ལ་རང་ཤི་བྱས་ཀ་ཡོང་སྲོལ་ཡོད་པ་གོ་ ཐོས་བྱུང། མི་རྣམས་དང་དུ་ངང་ཆུའི་ནང་མཆོངས་ནས་རང་ཤི་བརྒྱགས་ཟོལ་ཡོད་འདུག
ཧིན་རྡུའི་ཆོས་ཀྱི་ལུགས་སྲོལ་ནང་ལ་ཆུ་ནི་མིའི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་ སོང་ཙང་ཆུ་དང་ཆུ་མོ་ཁག་ལ་རྩ་ཆེན་པོ་རྩི་སྲོལ་ཡོད། གང་ཡིན་ཟེར་ན་ས་ཕྱོགས་གང་སར་ནས་མི་རྣམས་ཆོས་མཇལ་ཡོང་བ་དང། ཆུ་མོ་དེའི་སྟེང་ལུས་པོ་ཁྲུས་པ་དང་ཆུ་བཏུང་བ། གནས་དེ་ལ་ཆོས་ལུགས་འདྲ་སྨིན་རྣམས་ཀྱིས་མཆོད་པ་རྣམས་འཛོམས་ནས་ཆོས་དང་ཆོ་ག་ བྱེད་སྲོལ་ཡོད་པའི་རྒྱུ་མཚན་ཡིན་པས་ཡིན།
གང་ག་ལ་མི་འདས་གྲོངས་ཕྱིན་ནས་སྲེགས་ཆེད་དགོས་པ་གནད་ཁག་གཉིས་ཡོད། ཧིན་རྡུས་མི་གྲོངས་ནས་སྲེགས་རྒྱུ་དེ་ཧ་ཅང་གལ་ཆེ་རྩི་དགོས་དོན་ནི། མེ་ནི་གཙང་མའི་རང་བཞིན་དང་ནུས་སྟོབས་ཀྱི་རང་བཞིན་ལ་ངོས་འཛིན་བྱེད་ཀྱི་ཡོད་ པས། གལ་སྲིད་ཕུང་པོ་སྲེགས་པ་ཡིན་ན་འཇིག་རྟེན་སྡུག་སྔལ་ལས་ཐར་ནས་བདེ་བར་ཐོབ་ཀྱི་ ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད།
གང་ག་བསླེབ་མཚམས་སྐབས་ཤིང་སྣ་རིགས་མཐོང་རྒྱུ་ཡོད་པ་ནི་རྒྱུ་མཚན་དེ་ཁོ་ན་ ཡིན། སྤྱིར་ཕུང་པོ་མེ་སྲེགས་ཆེད་ཤིང་ལྗིད་ཚད་ཀི་ལོ་༣༦༠དགོས། ནང་མི་ནང་གཅེན་པོ་རྒན་ཤོས་ཀྱིས་ཕུང་པོ་རྩེག་པ་དེ་ལ་སྐོར་བ་གསུམ་རྒྱག་ནས་གང་ གའི་ཆུ་བྱིན་རླབས་ཚུལ་དུ་ལྡུག་གི་རེད།
དེའི་སྐབས་ཁོང་རྣམས་ཀྱིས་ཟེར་སྲོལ་ལྟར་ན།
གལ་སྲིད་ཕྲུ་གུབྱིས་པ་ཕུང་པོ་སྲེགས་མེད་པ་ཡིན་ན་ཁོང་རྣམས་སེམས་གཙང་མ་ཡིན་པ་རྐྱེན་ཡིན།
གལ་སྲིད་ཨ་མ་མངལ་ནང་ཕྲུ་གུ་ཡོད་པ་སྲེགས་མེད་པ་ཡིན་ན་སྐྱེ་བ་བསྐྱར་དུ་བླང་རྒྱུའི་རྟགས་ཡིན།
གལ་སྲིད་ཆོས་པ་གཤེགས་ནས་རུས་པ་སྲེགས་མེད་ན་སེམས་གཙང་མ་ཡོད་པའི་རྐྱེན་ཡིན།
གལ་སྲིད་མི་ཞིག་དྲུག་སྦྲུལ་ཀོབ་ར་སོ་བརྒྱབས་ནས་རུས་པ་སྲེགས་མེད་ན་བསྐྱར་དུ་སྐྱེ་བ་ལེན་པས་ཡིན།།
གལ་སྲིད་མི་ཞིག་ལྷ་འབྲུམ་དང་མཛེ་ནད་ཕོགས་ནས་རུས་པ་སྲེགས་མེད་ན་སོར་གནས་བྱེད་ཀྱི་རེད།
ཁོང་རྣམས་ཀྱིས་ཕུང་པོའི་རུས་པ་ཆ་ཚང་སྲེགས་བཅུག་གི་མེད། གང་ཡིན་ཟེར་ན་རིགས་དམན་པ་རྣམས་ཀྱི་རྗེས་སུ་རུས་པ་དེ་ཆུ་ནང་ལ་ལྡུག་པ་ཡིན་ན་ མི་དེ་གཙང་མ་ངང་སྐྱེ་བ་ཡག་པོ་ལེན་པའི་ཡིད་ཆེས་ཡོད།
ཁོང་རྣམས་ཀྱིས་ཉིན་གྲངས་བཅུ་གཉིས་རིང་མྱ་ངན་ནང་ཟ་རིགས་མ་བཟོ་བ་དང། སྐྲ་གཞར་བ་དང་གོས་རིགས་དཀར་པོ་གྱོན་སྲོལ་ཡོད་པ་དག་ནི་མྱ་ངན་མཚོན་དོན་ཡིན། ཁོང་རྣམས་ཀྱིས་ཆོ་ག་ཉམས་ལེན་དེ་རིགས་ལ་ངའི་སེམས་ལ་ཐད་པ་མ་བྱུང་།
སྤྱིར་བཏང་གི་ཕུང་པོ་སྲེག་སྦྱང་གི་འགྲོ་གྲོན་ནི་ཧ་ཅང་ཆེན་པོའི་རྐྱེན་མི་ དབུལ་པོ་འགའ་རེ་མེ་རུ་མེ་སྲེག་ནས་ཐད་ཀར་གཡུག་གི་ཡོད་པ་ནི་ང་ཆུ་ཟུར་གོམ་པ་ སྤོ་སྐབས་ཟམ་པ་འགྲམ་དུ་མིའི་ཕུང་པོ་ཤ་རུས་གཉིས་ལྡན་དཀྲི་བ་ཞིག་མཐོང་རྒྱུ་ འདུག་བས། ཨིན་ཇིས་ཧང་སང་མདོག་ཙམ་ལས། རྒྱ་གར་རྐྱང་ཁ་འདང་ནས་བལྟས་སོང་ལ། ང་ཡང་དེ་མཐོང་སྐབས་འགྲོ་མི་ཟེར་བ་དེ་མི་རྟག་པའི་ཚོར་བ་བཀྲ་མོ་སྦྱིན་སོང་།
རྒྱ་གར་གྱི་མཆོད་གནས་རྩ་ཆེན་དེ་ལ་ཡུལ་མི་མང་དག་ཅིག་གིས་འཁྱམས་མྱུལ་དང་། ཆོ་ག་ཕྱག་ལེན་གྱི་གནས། དཔལ་འབྱོར་འདུ་བསྐྱོད་ཀྱི་གཏི་གནས། རིག་གནས་བ་ལ་མཐོང་རྒྱ་དང་ཐོས་རྒྱའི་གསར་བའི་་ཞིང་སོགས་ཆགས་ཡོད་འདུག
ཉི་མ་ནུབ་ཏུ་བསྒྲིབས་ནས་ཆུ་ཚོད་བདུན་པ་ཟིན་དུས་ཕར་ལོག་རྒྱུ་དོན་གྱི་ངེས་པར་ བརྟེན། གང་ག་ཐེམ་སྐེས་འཛེགས་སུ་དཔུང་པ་གཡུག་གིན་ལོག་བཞིན་པའི་སྐབས་རྐང་ལམ་དུ་སློང་ མོ་བ་དང། རྒྱ་གར་རས་ཀྱི་ཚོང་ཁང། མངར་མོ་ཟ་རིགས་ཁག་དང། ཆོས་ཀྱི་ཆོ་ག་དང་འབྲེལ་ཡོད་དངོས་རྫས། ད་དུང་ཕྱོགས་བཅུའི་མི་སྣ་མི་འདྲ་བར་ཁྲ་ཁྲ་ཟིང་ཟིང་མང་དག་བརྟེན། ཁྱེད་རང་སློབ་མ་ཞིག་དང། སྨྱུག་ཐོགས་པ་ཞིག རིག་གནས་བ་ཞིག་ཡིན་ན་གནས་འདི་ནི་མཐོང་རྒྱ་དང་ཐོས་རྒྱ་རྒྱས་པར་རེག་རྒྱུ་ཉག་ ཅིག་སྟེ་སྣང་བ་སྐྱིད་པོ་ཡབ་ཙམ་མ་ཡིན་པར་ཁྱེད་རྣམས་ཀྱིས་གཏོ་དཔེ་རུ་པར་ཆས་ ཡང་ན་ཁ་པར། དྲན་ཐོ་དེབ་དང་སྨྱུ་གུ་འཁྱེར་རྒྱུ་མ་བརྗེད་བས་ཆེད་ངས་གོམ་པ་རིམ་བགྲོད་ཀྱི་ རྩོམ་རིག་ཚུལ་དུ་ཟིན་ཐོ་ཐུང་ངུ་བཏབ་པ་ནི་ཧ་ཅང་སྙིང་པོར་མཆིས།
དེ་ཡང། གང་ག་ནི་རྒྱ་གར་ཧིན་རྡུ་ཆོས་ལུགས་ནང་ལ་གནས་ཁྱད་པར་ཅན་ཞིག་དང། ད་དུང་དེས་རྒྱ་གར་ཡུལ་མི་མང་པོ་ཞིག་ལ་རྒྱུན་དུ་འཚོ་གནས་ཕྱིར་ཕན་ཐོགས་ཀྱི་ ཡོད། ཁོང་རྣམས་ཀྱིས་ཧིན་རྡུའི་ཆོས་ལུགས་གཞིགས་པའི་གང་ག་ལྷ་མོ་ཟེར་སྲོལ་ཡོད། གང་ག་གཙང་པོའི་ཁ་འགྲམ་གྱི་ས་རྒྱུད་ངོགས་ཀྱི་རྒྱ་གར་མངའ་སྡེ་མང་པོ་ཞིག་ཕན་ ཐོགས་བསྡད་ཡོད་པ་ནི་ཁ་གསལ་གཏིང་གསལ་རེད། དེ་ལས་སྤྱི་ཚོགས་གནས་སྟངས་འདྲ་མིན་མིག་གི་མཐོང་རྒྱུ་ཡོད་པས་ཡུལ་འཁོར་སྤྲོ་ འཆམ་པ་རྣམས་ཀྱི་དགའ་རོལ་ཙམ་མ་ཡིན་པར་མིག་མཐོང་ལག་ཟིན་རྣམས་དངོས་སུ་རོལ་ནས་ མཐོང་བ་རྣམས་ང་བཞིན་དྲན་ཐོར་ཟིན་བྲིས་སུ་ཕབ་རྒྱུ་མ་བརྗེད་རོགས་འབོད་སྐུལ་ ཡིན།
རིགས་ཀྱི་བུ་བཟང་གིས་ཞོགས་པར་ཡུལ་ལྦ་ར་ན་སི་ནས་སྤྱི་ལོ་༢༠༡༥ཟླ་༡༠ཚེས་༡༤ལ་བྲིས་པ་དགེ།
No comments:
Post a Comment