ངའི་རྒན་དམ་པ་སྟག་ཤར་གཞོན་པ་མཆོག་ལ་ཕུལ།
ལོ་རིམ་དང་པོའི་ནང་གི།།
རྩོམ་ཡིག་གཅེས་བཏུས་བལྟས་སྐབས།།
༧ཚངས་དབྱངས་རྒྱ་མཚོའི་མགུར་གླུ།།
ཡིད་ལ་སྤྲོ་སྣང་སྦྱིན་སོང།།
རྩོམ་ཡིག་གཅེས་བཏུས་བལྟས་སྐབས།།
༧ཚངས་དབྱངས་རྒྱ་མཚོའི་མགུར་གླུ།།
ཡིད་ལ་སྤྲོ་སྣང་སྦྱིན་སོང།།
འདས་སྔོན་ལོ་ལ་བསླབས་ཀྱང་།།
འདི་རིང་བསྐྱར་དུ་ཀློག་པས།།
སྙན་འཇེབས་ཚིག་སྦྱོར་རྣམས་ཀྱིས།།
མེ་རོ་སླར་ཡང་གསོས་སོང།།
འདི་རིང་བསྐྱར་དུ་ཀློག་པས།།
སྙན་འཇེབས་ཚིག་སྦྱོར་རྣམས་ཀྱིས།།
མེ་རོ་སླར་ཡང་གསོས་སོང།།
གླེན་རྟགས་འདྲ་བའི་མི་ཡང།།
དྲན་གཟོ་བྱེད་རྒྱུ་ཡོད་ན།།
རིགས་པ་གྲུང་པོ་ལོས་ཀྱང།།
རིག་གནས་སློབ་དཔོན་དྲིན་རེད།།
རིགས་པ་གྲུང་པོ་ལོས་ཀྱང།།
རིག་གནས་སློབ་དཔོན་དྲིན་རེད།།
ཕོ་ཉམས་ལྡན་པའི་མི་དེ།།
སྟག་ཤར་གཞོན་པའི་རྟགས་རེད།།
རི་བོང་སྤྱང་གྲུང་བྱས་ཀྱང།།
རུས་སྦལ་རིགས་པའི་དབང་རེད།།
སྟག་ཤར་གཞོན་པའི་རྟགས་རེད།།
རི་བོང་སྤྱང་གྲུང་བྱས་ཀྱང།།
རུས་སྦལ་རིགས་པའི་དབང་རེད།།
རིག་གནས་གང་ཙམ་ལོན་པས།།
མཁས་པའི་གམ་ལ་བཞུགས་མཁན།།
དམིགས་ཡུལ་མེད་པའི་འཁྱམས་པོ།།
ཁྱི་ལྡོམ་མཇུག་དམར་ལྐོག་སོང།།
མཁས་པའི་གམ་ལ་བཞུགས་མཁན།།
དམིགས་ཡུལ་མེད་པའི་འཁྱམས་པོ།།
ཁྱི་ལྡོམ་མཇུག་དམར་ལྐོག་སོང།།
ལ་ཁ་འཕྲང་རིང་འགྲིམས་ནས།།
༧གཞུང་ཆེན་དག་ལ་བརྩོན་ཕྱིར།།
དམ་གཙང་སྐྲ་ཕུད་བཞེས་ནས།།
རབ་ཏུ་འབྱུང་ནས་བཞུགས་སོང།།
༧གཞུང་ཆེན་དག་ལ་བརྩོན་ཕྱིར།།
དམ་གཙང་སྐྲ་ཕུད་བཞེས་ནས།།
རབ་ཏུ་འབྱུང་ནས་བཞུགས་སོང།།
མ་འོངས་དགོས་མཁོ་གཟིགས་ནས།།
ཨིན་བོད་ཧིན་གསུམ་སྦྱངས་བ།།
རྡུལ་གྱི་གསེབ་ནས་ལྕག་ཕྱེ།།
ལོན་པ་དེ་དང་མཚུངས་སོང།།
ཨིན་བོད་ཧིན་གསུམ་སྦྱངས་བ།།
རྡུལ་གྱི་གསེབ་ནས་ལྕག་ཕྱེ།།
ལོན་པ་དེ་དང་མཚུངས་སོང།།
མཁས་དབང་དུ་མས་དྲིན་གྱིས།།
ལོ་ལྟར་རྩེ་ཕུད་སོན་འདུག
སློབ་མ་ང་ཚོས་ཀྱིས་ཀྱང་།།
འབད་པ་མི་བྱེད་ཅི་ཞིག།
ལོ་ལྟར་རྩེ་ཕུད་སོན་འདུག
སློབ་མ་ང་ཚོས་ཀྱིས་ཀྱང་།།
འབད་པ་མི་བྱེད་ཅི་ཞིག།
སློབ་གྲྭའི་ལས་འཆར་ལྷན་དུ།།
དུས་དེབ་རྩོམ་སྒྲིག་གནང་བ།།
གཞན་ཡང་སྙན་རྩོམ་དེབ་ཀྱང།།
འདྲ་སྨིན་བྲིས་པ་ཁག་ནི།།
ལོ་ཚོད་ལུགས་ལ་བལྟས་ན།།
ཕ་བཟང་བུ་བཟང་ཐག་ཆོད
དུས་དེབ་རྩོམ་སྒྲིག་གནང་བ།།
གཞན་ཡང་སྙན་རྩོམ་དེབ་ཀྱང།།
འདྲ་སྨིན་བྲིས་པ་ཁག་ནི།།
ལོ་ཚོད་ལུགས་ལ་བལྟས་ན།།
ཕ་བཟང་བུ་བཟང་ཐག་ཆོད
ཤེས་པ་བྱམས་པ་སྤོབས་པ།།
ཕན་གནོད་བརྟག་པའི་རང་བཞིན།།
འཕྲག་པའི་མི་རིགས་འགན་དབང།།
མ་འོངས་མདུན་ལམ་གཟིགས་བ།།
ཕན་གནོད་བརྟག་པའི་རང་བཞིན།།
འཕྲག་པའི་མི་རིགས་འགན་དབང།།
མ་འོངས་མདུན་ལམ་གཟིགས་བ།།
ཤེས་ཡོན་གོ་སྐབས་ཡོད་ཀྱང།།
སྤྱི་ཚོགས་གནས་སྟངས་བརྟེན་ནས།།
ཐེན་པས་གཉེན་པའི་ཡུལ་ལ།།
དུས་ཐོག་ཆར་པ་བབས་སོང།།
སྤྱི་ཚོགས་གནས་སྟངས་བརྟེན་ནས།།
ཐེན་པས་གཉེན་པའི་ཡུལ་ལ།།
དུས་ཐོག་ཆར་པ་བབས་སོང།།
ལྷོར་ཆགས་ཕྱོགས་ལ་ཀློག་ནས།།
ནུབ་ཕྱོགས་རི་ལ་ཁྲིད་སོང།།
ཁྱེད་རྣམས་ཡ་བྲལ་གཟིགས་ན།།
སངས་རྒྱས་གཟིགས་པ་དཔྱད་དང་།།
ནུབ་ཕྱོགས་རི་ལ་ཁྲིད་སོང།།
ཁྱེད་རྣམས་ཡ་བྲལ་གཟིགས་ན།།
སངས་རྒྱས་གཟིགས་པ་དཔྱད་དང་།།
སྒོ་གསུམ་འཇམ་པའི་གདུལ་བ།།
རིག་པའི་རྣམ་གྲངས་གཟིགས་པ།།
བླང་དོར་ལྷག་བསམ་ཅན་གྱིས།།
གདོང་དམར་ཞེན་བས་སྒྲུབ་སོང།།
རིག་པའི་རྣམ་གྲངས་གཟིགས་པ།།
བླང་དོར་ལྷག་བསམ་ཅན་གྱིས།།
གདོང་དམར་ཞེན་བས་སྒྲུབ་སོང།།
བྱ་བ་རང་བཞིན་ངོས་ནས།།
བྱམས་པ་གཅིག་མཚུངས་སྐྱོང་ཚུལ།།
གཞན་ཕན་བསམ་པ་འཛོམས་པས།།
དགེ་རྒན་བྱ་བ་ལྡན་བ།།
བྱམས་པ་གཅིག་མཚུངས་སྐྱོང་ཚུལ།།
གཞན་ཕན་བསམ་པ་འཛོམས་པས།།
དགེ་རྒན་བྱ་བ་ལྡན་བ།།
རྣམ་གཡེང་གཉིད་ལས་སད་ནས།།
སློབ་གསོ་ཞན་ཆ་བསྐོངས་སོང།།
སྤྱན་རས་ཡངས་པའི་ཤེས་རབ།།
འོད་སྟོང་ཀུན་ལ་འཕྲོ་སོང།།
སློབ་གསོ་ཞན་ཆ་བསྐོངས་སོང།།
སྤྱན་རས་ཡངས་པའི་ཤེས་རབ།།
འོད་སྟོང་ཀུན་ལ་འཕྲོ་སོང།།
ལོ་ཟླ་མང་པོའི་འཁོར་དེ།།
ཉིན་མཚན་རྨི་བཞིན་ཡལ་སོང།།
དགེ་སློབ་དམ་འཛིན་བཟང་བས།།
ལས་འགྲོ་བཟང་པོས་ཡིན་འགྲོ།།
ཉིན་མཚན་རྨི་བཞིན་ཡལ་སོང།།
དགེ་སློབ་དམ་འཛིན་བཟང་བས།།
ལས་འགྲོ་བཟང་པོས་ཡིན་འགྲོ།།
ཐོག་མར་ངོ་སྤྲོད་ལྷན་དུ།།
ཚང་མ་དགའ་བའི་པར་དེ།།
ད་ལྟར་འགྲུལ་བཞུད་ལོ་ལ།།
རྨི་ལམ་ཡིན་ན་ཆོག་ཀ
ཚང་མ་དགའ་བའི་པར་དེ།།
ད་ལྟར་འགྲུལ་བཞུད་ལོ་ལ།།
རྨི་ལམ་ཡིན་ན་ཆོག་ཀ
ས་ཕྱོགས་གཞན་ཐག་ཅིག་ན།།
ལུས་པོ་སོ་སོ་འགྱུར་ཀྱང།།
སེམས་པ་རྒུ་འདུད་ངང་ནས།།
སྤྱི་གསུངས་བཀའ་བསྒྲུབ་ཞུས་ཆོག
ལུས་པོ་སོ་སོ་འགྱུར་ཀྱང།།
སེམས་པ་རྒུ་འདུད་ངང་ནས།།
སྤྱི་གསུངས་བཀའ་བསྒྲུབ་ཞུས་ཆོག
དགེ་རྒན་ལས་སྣེ་གཉིས་ཏེ།།
ལེགས་ན་ཕན་བདེའི་ལམ་དང།།
ཉེས་ན་མདུན་ལམ་བརླག་བས།།
ཁོང་གིས་གདམས་ངག་བཅངས་ཡོད།།
ལེགས་ན་ཕན་བདེའི་ལམ་དང།།
ཉེས་ན་མདུན་ལམ་བརླག་བས།།
ཁོང་གིས་གདམས་ངག་བཅངས་ཡོད།།
ཡོན་ཏན་ཀུན་གྱི་འབྱུང་ཁུངས།།
གདམས་ངག་སེམས་ལ་བཟུང་ནས།།
ང་རྒྱལ་བསམ་པ་འདོར་ནས།།
དགེ་རྒན་བཀའ་དྲིན་གཞལ་ཡོང་།།
གདམས་ངག་སེམས་ལ་བཟུང་ནས།།
ང་རྒྱལ་བསམ་པ་འདོར་ནས།།
དགེ་རྒན་བཀའ་དྲིན་གཞལ་ཡོང་།།
ཕྱི་ནང་གཉིས་ཀར་གཟིགས་སྐབས།།
འཛུམ་དམུལ་མཛེས་པོ་དག་ནི།།
དཔའ་བོ་རྡོ་རིང་ནང་བཞིན།།
དྲན་ཐོ་ངེས་པར་ཡིན་མཆིས།།
འཛུམ་དམུལ་མཛེས་པོ་དག་ནི།།
དཔའ་བོ་རྡོ་རིང་ནང་བཞིན།།
དྲན་ཐོ་ངེས་པར་ཡིན་མཆིས།།
རྩ་བའི་དམ་པ་ཁོང་གིས།།
མུན་པ་ཁ་བྲལ་སྤྱད་ནས།།
དུད་འགྲོ་དམུ་རྒོད་གཤིས་ཀ།།
ལམ་ཕྱོགས་གཅིག་གིས་གཅོད་སོང།།
མུན་པ་ཁ་བྲལ་སྤྱད་ནས།།
དུད་འགྲོ་དམུ་རྒོད་གཤིས་ཀ།།
ལམ་ཕྱོགས་གཅིག་གིས་གཅོད་སོང།།
ཡང་དག་རྨང་གཞི་བསྐྲུན་ཏེ།།
མི་རིགས་བྱ་བ་བསྒྲུབས་སོང།།
སྟོན་པ་ཆོས་ཀྱི་ནང་དོན།།
ཡ་བྲལ་མེད་པ་བསྟར་སོང།།
མི་རིགས་བྱ་བ་བསྒྲུབས་སོང།།
སྟོན་པ་ཆོས་ཀྱི་ནང་དོན།།
ཡ་བྲལ་མེད་པ་བསྟར་སོང།།
ཕན་གནོད་རང་བཞིན་བརྟག་སྟེ།།
བདེ་བའི་ཡུལ་ལ་འཁྲིད་སོང།།
དཔྱིས་ཀྱི་དུས་སུ་བསྒྲུབས་ན།།
དབྱར་སྟོན་གཉིས་ལ་ངལ་ཡོང་།།
བདེ་བའི་ཡུལ་ལ་འཁྲིད་སོང།།
དཔྱིས་ཀྱི་དུས་སུ་བསྒྲུབས་ན།།
དབྱར་སྟོན་གཉིས་ལ་ངལ་ཡོང་།།
ཤ་ཚ་ལྷག་བསམ་ལྡན་མཁན།།
སེམས་པ་ཡིད་འགུལ་ཐེབས་འོང།།
མི་རིགས་རིགས་གནས་ཐོག་ལ།།
བྱ་སྤྱོད་གཏམ་གསུམ་གྲགས་སོང།།
སེམས་པ་ཡིད་འགུལ་ཐེབས་འོང།།
མི་རིགས་རིགས་གནས་ཐོག་ལ།།
བྱ་སྤྱོད་གཏམ་གསུམ་གྲགས་སོང།།
ཟླ་ཕོགས་ཟ་སྤྱད་མ་ཡིན།།
མ་འོངས་རེ་བའི་འགན་གྱིས།།
ཉིན་མཚན་དྲུག་གིས་དཀའ་ཙལ།།
སེམས་ཁུར་བྱེད་མཁན་ཁོང་ཡིན།།
མ་འོངས་རེ་བའི་འགན་གྱིས།།
ཉིན་མཚན་དྲུག་གིས་དཀའ་ཙལ།།
སེམས་ཁུར་བྱེད་མཁན་ཁོང་ཡིན།།
ཐོག་མ་ཤེས་རབ་སྨིན་ཏེ།།
ལྷག་བསམ་མེད་ན་སྟོང་ཞིང།།
གནའ་དེང་རིགས་པ་གཉིས་ཀྱང་།།
བྱུང་བ་སློབ་གྲྭ་ཡིན་པས།།
དོན་དངོས་བདེན་འཚོལ་ངང་གིས།།
ཟུང་འབྲེལ་གསོ་སྐྱོང་ཐུབ་ན།།
གཤོག་རླབས་མཐིང་ཁ་ངོམས་ཡོང་།།
ལྷག་བསམ་མེད་ན་སྟོང་ཞིང།།
གནའ་དེང་རིགས་པ་གཉིས་ཀྱང་།།
བྱུང་བ་སློབ་གྲྭ་ཡིན་པས།།
དོན་དངོས་བདེན་འཚོལ་ངང་གིས།།
ཟུང་འབྲེལ་གསོ་སྐྱོང་ཐུབ་ན།།
གཤོག་རླབས་མཐིང་ཁ་ངོམས་ཡོང་།།
ཁྱེད་ནི་རིག་གནས་སྒོ་འབྱེད།།
ཁྱེད་ནི་ཡར་རྒྱས་ལས་ཁྲི།།
ཁྱེད་ནི་ཡོད་ཚད་ཆོད་ཅིག
ཁྱེད་ལ་གསོལ་བ་རྩེ་ཅིག
ཁྱེད་ནི་ཡར་རྒྱས་ལས་ཁྲི།།
ཁྱེད་ནི་ཡོད་ཚད་ཆོད་ཅིག
ཁྱེད་ལ་གསོལ་བ་རྩེ་ཅིག
རིགས་ཀྱི་བུ་བཟང་གིས་སྤྱི་ལོ་༢༠༡༥
ཟླ་༡༠ཚེས་༡༠དང་། ཆུ་ཚོད་༩.༣༥ གུས་ཉིད་ཀྱིས་མི་ཚེའི་ནང་མངོན་སུམ་དུ་ཕུགས་འདུན་བཟོས་མཁན་རྒན་དམ་པ་མཆོག་ལ་
ཐུགས་བརྩེ་བ་ཆེན་པོའི་བཀའ་དྲིན་རྗེས་དྲན་སླད་ངོ་དེབ་ཏུ་རང་ཤག་ནས་བྲིས་པ་ དགེ།
No comments:
Post a Comment