Tuesday, 14 February 2017

                                    ལྦེ་ལེན་ཊིན་ཉིན་མོ་བསུ་སྟངས་ཤིག

སྤྱི་ཟླ་གཉིས་པ་ཚེས་བཅུ་བཞི་ཉིན་མོར་ལོ་ལྟར་བཞིན་ཨ་རི་དང་གཞན་ཡང་འཛམ་གླིང་གི་ས་གནས་གང་སར་བདག་ཉིད་ཆེན་པོ་ལྦེ་ལེན་ཊིན་མཆོག་གི་མཚན་ནས་ཐོག་མེ་ཏོག་དང་། བྱ་དགའ། ལག་རྟགས་སྣ་རིགས་དགའ་རོགས་ཕན་ཚུན་གཅིག་གིས་གཅིག་ལ་སྤྲོད་ལེན་བྱེད་ཚུལ་ཡོད།

       

བདག་ཉིད་ཆེན་པོ་ལྦེ་ལེན་ཊིན་གྱི་གཏམ་རྒྱུད།
ལྦེ་ལེན་ཊིན་ཉིན་མོའི་བྱུང་རབས་དང་ཡི་ཤུ་མཆོད་དཔོན་ཁོང་གི་མི་ཚེའི་ལོ་རྒྱུས་གླེང་ན་།    ཁོང་གི་མི་ཚེ་ལོ་རྒྱུས་ནང་འདས་གྲོངས་ཕྱིན་སྟངས་ཧ་ཅང་ཡ་མཚན་ཞིག་ཆགས་ཡོད། ང་ཚོས་སྔོན་དུ་ཤེས་གསལ་བཞིན་སྤྱི་ཟླ་གཉིས་པ་ནི་བརྩེ་དགའི་ཉམས་རོལ་གྱི་ཟླ་བ་དང་ཡི་ཤུ་དང་རོ་མན་གྱི་རྗེས་འཇུག་ཡོངས་རྫོགས་ཀྱི་བླ་དཔོན་ཆེན་པོ་ལྦ་ལེན་ཊིན་མཆོག་གི་ཉིན་མོ་ཆགས་ཡོད། ཡིན་ཡང་ཡི་ཤུ་མཆོད་དཔོན་ཆེན་པོ་ལྦ་ལེན་ཊིན་ཟེར་བ་དེ་སུ་ཞིག་ཡིན་པ་དང་ཉིན་མོ་དེ་ཁོང་དང་འབྲེལ་བ་ཡོད་དགོས་དོན་མཁྱེན་གྱི་ཡོད་དམ།


 ཁྱེད་ཉིད་ཀྱིས་ཤེས་སམ།

ལོ་ལྟར་བཞིན་བརྩེ་བའི་ཡིག་ཤོག་གྲངས་ས་ཡ་བརྒྱ་དང་ལྔ་བཅུ་ཙམ་བརྩེ་དུངས་ཉིན་མོར་ཕན་ཚུན་གཅིག་གིས་གཅིག་སྤྲོད་ལེན་བྱེད་ཀྱི་ཡོད།      ཡི་ཤུའི་ལོ་གསར་རྗེས་སུ་བརྩེ་དུངས་ཀྱི་ཉིན་མོ་ནི་བརྩེ་བའི་ཡིག་ཤོག་བགོ་སྟེར་གྱི་ཉིན་མོ་གྲགས་དང་གྲངས་ཆེ་ཤོས་གཉིས་པ་དེ་ཆགས་ཡོད།  ཡི་ཤུ་ལོ་ཐིག་ཆོས་ལུགས་[catholic]ནང་དུ་ལྦེ་ལེན་ཊིན་དང་ལྦེ་ལེན་ཊིན་ནས་ཟེར་བ་ཁྱོན་མཆོད་དཔོན་གསུམ་ཡོད་ཟོལ་དང་ཚང་མ་སྐྱེ་བོ་དམ་པ་རེད། ལི་ཐོག་ཀྱི་མཆོད་དཔོན་གྲགས་ཆེན་ལྦེ་ལེན་ཊིན་ནི་རོམ་དུ་དུས་རབས་དེ་སྐབས་ཤིག་ལ་བྱུང་ཞིང་། དེ་སྐབས་རྒྱལ་པོ་[claudiusགཉིས་པ་]རྒྱལ་ཁམས་སྲུང་ཆེད་དམག་མི་ལ་ཆུང་མ་དང་ཁྱིམ་ཚང་མེད་པ་ཡིན་ན་དམག་མི་སྤུས་དག་ཡོང་གི་ཡོད་པའི་བལྟ་ཚུལ་དེ་ལ་། ལྦེ་ལེན་ཊིན་མཆོག་གིས་རྒྱལ་པོའི་བཀའ་ཁྱབ་དེ་ལ་དྲང་པོ་ཅི་ནས་མེད་པ་གཟིགས་ནས། རྒྱལ་པོ་ལ་ཁ་གཏད་ཚུལ་དུ་མུ་འཐུད་ནས་ན་གཞོན་དགའ་རོགས་མང་པོ་ཞིག་གིས་གསང་བ་ངང་ནས་གཉེན་སྒྲིག་བྱས་པ་ལམ་སྟོན་སྩལ། ལྦེ་ལེན་ཊིན་གྱི་ཕྱག་ལས་འདི་ལྟར་ཞིག་རྒྱལ་པོས་སྤེལ་བཞིན་པ་ཤེས་སྐབས། རྒྱལ་པོས་སྲོག་ཐོག་གི་ཉེས་པ་གཏོང་རྒྱུའི་བཀའ་རྒྱ་གཏོང་བ་རེད།

སྒྲུང་གཏམ་གཞན་ཞིག་གི་ནང་དུ་ལྦེ་ལེན་ཊིན་ཁོང་སྲོག་ཐོག་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་། ཁོང་གིས་ཡི་ཤུའི་བཙོན་པ་མང་པོ་ཞིག་རོ་མན་བཙོན་ཁང་ནང་དཀའ་སྡུག་དང་གདུག་རྩུབ་མནར་བཞིན་ཡོད་པ་རྣམས་ལ་ཐར་ཐབས་ཆེད་འབད་རྕོལ་གནང་ཡོད་པས་ཁོང་ཉིད་ཀྱི་སྲོག་ཤོར་བ་རེད།  སྒྲུག་གཏམ་གཞན་ཞིག་གི་ཁྲོད་དུ་རང་ཉིད་བཙོན་འཇུག་གི་དཀའ་སྡུག་མྱོང་བཞིན་པའི་ལྦེ་ལེན་ཊིན་མཆོག་གིས་རང་གི་དགའ་རོགས་གཞོན་ནུ་མ་ལ་བརྩེ་དུངས་ཀྱི་ཡིག་ཤོག་ཐོག་མར་བསྲིངས་པ་བརྟེན་། ཁོང་གི་ཆུང་མ་དེ་ཡང་ཉེ་འགྲམ་གྱི་བཙོན་ཁང་དོ་དམ་པའི་བུ་མོ་ཡིན་སྲིད་པས་། བཙོན་ཁང་ནང་དུ་ཕལ་ཆེར་ཁོང་གཉིས་ཆེས་ཐོག་མར་ཐུག་ཕྲད་དེ་ཉིན་ཡིན་སྲིད། ཁོང་སྐུ་མ་གཤེགས་གོང་དུ་། ཁོང་གིས་མཛའ་ཡིག་ནང་དུ་། “ཁྱེད་རང་གི་ལྦེ་ལེན་ཊིན་ནས།” དང་མཚན་རྟགས་འཁོད་ཡོད་པས། དེང་སང་ཡང་ཕོ་མོ་རྣམས་ཀྱི་བརྗོད་སྲོལ་དེ་གསོན་པོ་གནས་ཡོད། གང་ལྟར་ལྦེ་ལེན་ཊིན་ཉིན་མོའི་བྱུང་རབས་ཁ་གསལ་གཏིང་གསལ་རིག་རྒྱུ་མེད་ཀྱང་། སྒྲུང་གཏམ་འདི་རིགས་ཚང་མའི་གཅིག་གིས་གཅིག་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་དང་། སྙིང་སྟོབས་ཀྱི་གལ་འགངས། ཆེས་རིན་ཐང་ཆེ་ཤོས་ནི་བརྩེ་སེམས་རོལ་སྟངས་ཆགས་ཡོད། དུས་རབས་བར་མའི་སྐབས་ལ་། ལྦེ་ལེན་ཊིན་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་བཅས་གུས་འདུད་དང་། ལྦེ་ལེན་ཊིན་མཆོག་ནི་ཨིན་ལེན་དང་ཕ་རན་སི་ལ་མཆོད་དཔོན་སྙན་གྲགས་ཆེ་ཤོས་ཆགས་ཡོད།

རྟེན་འབྲེལ་སྲུང་རྩི་བྱེད་སྟངས།

ཨ་རི་གཙོས་པའི་། བརྩེ་དུངས་ཀྱི་ཉིན་མོ་ནི་ཀེ་ན་དྲ། མེ་སེ་ཀོ། ཕ་རན་སི། དང་ཨོ་སི་ཀྲི་ལི་ཡ་ཆེས་རྒྱས་པ་གཏོང་སྲོལ་ཡོད་ཀྱང་། ཨིན་ཡུལ་དུ་དུས་རབས་བཅོ་བརྒྱད་ཁྲོད་དུ། གྲོགས་པོ་དང་དགའ་རོགས། སྤྱི་ཚོགས་ཀྱི་གནས་རིམ་འདྲ་མིན་གྱི་མི་རྣམས་དབྱེར་མེད་ངང་བརྩེ་སེམས་མཚོན་བྱེད་དངོས་རྫས་ཆུང་ཚགས། ་དྲན་རྟེན་གྱི་ཡིག་ཐོ། དེ་བཞིན་འདྲ་བཤུས་བྱས་པའི་ཡིག་ཤོག་སྟེང་དུ་སྔ་ནས་ཡི་གེ་བྲིས་པ་རྣམས་འཇལ་ནས་རང་ངོས་ནས་འདོད་མོས་བཞིན་མངག་ཉོ་བྱས་སྲོལ་ཡོད། སྔོན་ནས་བཟོས་པའི་ཡིག་ཤོག་རྣམས་ཚོར་བ་ཁ་རེ་ཁ་ཐུག་ཅིག་སྤྲད་ཐུབ་ཀྱང་། རང་ངོས་ནས་བསྒྲིགས་པའི་ཡིག་ཤོག་རྣམས་ཀྱིས་བརྩེ་དུངས་ཉིན་མོར་བརྩེ་སེམས་ཟབ་མོ་མཚོན་ཐུབ།


སྤྱི་ལོ་༡༧༠༠བར་དུ་ཨ་རི་ནང་དུ་ཕལ་ཆེར་རང་ངོས་ལག་ནས་བྲིས་པའི་བརྩེ་དུངས་ཀྱི་ཡིག་ཤོག་ཕན་ཚུན་སྤྲད་སྲོལ་ཡོད། ཕྱི་ལོ་༡༨༤༠ཨ་རི་ནང་དུ་[A.Howland]བརྩེ་དུངས་ཀྱི་ཡིག་ཤོག་ཐོག་མ་དང་མང་ཤོས་ཤིག་འགྲེམས་སྤེལ་བྱས་པ་རེད། Howlandམཆོག་ནི་བརྩེ་དུངས་ཉིན་མོའི་མ་ཡུམ་ལྟ་བུ་ཆགས་ཡོད། དེ་ཡང་སྒྲོག་གུ་། དར་ཆིངས་དང་ཚོན་སྣ་འཛོམས་པའི་བརྩེ་དུངས་ཀྱི་ཉར་དེབ་དམིགས་བསལ་ཅན་ཞིག་བཟོས་ཡོད་པས་ཁོང་དང་ཁོང་གི་ཕྱག་ལས་ཀྱི་འབྲས་བཟང་ནི་ཆེས་སྙན་གྲགས་ཤིག་རེད། དེང་གི་སྐབས་དེར་འཛམ་གླིང་སྤྱི་དང་། རྒྱལ་ཁབ་འདྲ་མིན། རྒྱལ་ཁབ་རེ་རེར་ནང་གི་ཡུལ་ལུང་འདྲ་མིན་ཁག་སོ་སོའི་མི་རིགས་རྣམས་ཀྱི་ས་སྤྱི་ཚོགས་ཀྱི་ལུགས་སྲོལ་དང་རང་ཉིད་ཀྱི་གནས་བབ་འཚམ་པའི་གཏོང་སྲོལ་འདྲ་ཞིང་ཅུང་མི་འདྲ་བ་ཕྲན་བུ་ཡོད་ཅིག་རེད། སོང་ཙང་ད་སྐབས་བཀྲ་ཤིས་མཚོན་བྱེད་ཀྱི་ཡིག་ཤོག་ཐེར་འབུམ་གཅིག་ཙམ་ལོ་ལྟར་བཞིན་སྐུར་སྲོལ་ཡོད་པ་དང་། དེ་ཡིས་བརྩེ་དུངས་ཀྱི་ཉིན་མོ་དེ་རྒྱལ་སྤྱིའི་ཡིག་ཤོག་འགྲེམས་སྤེལ་མང་ཤོས་གཉིས་པ་དེ་ཆགས་ཡོད། དེ་ཡང་ཉོ་མཁན་དེ་བརྒྱ་ཆ་༨༥བུད་མེད་ཆགས་ཡོད།

No comments:

Post a Comment