Friday, 3 April 2015



  




སྟོན་པ་ལ་ན་མོ།།
  
རང་གིས་ཆོས་ལ་གཞན་གྱིས་དཔྱོད་དགོས་མངགས།།
དཔྱོད་པའི་དོན་དུ་ཁྱེད་ཀྱིས་རིག་ཀྱང་སྩལ།།
གཉིས་སུ་བསྲེས་པའི་འབྱེད་པའི་ཐབས་མཁས་བ།།
སྟོན་པ་ཁྱེད་ནི་བླ་མ་ཐོག་མ་མཆིས།།

ཚན་རིག་རིག་པའི་སྨྲ་བ་ཕྲན་བུ་དག
ཟོལ་དུ་མེད་པས་དེང་རབས་ཡིན་མདོག་དེ།།
ཆ་ཤས་གྱུར་བའི་ཕྲུ་གུ་མ་འབྱར་རེད།།
སྟོན་པ་ཁྱེད་ནི་སྨྲ་བ་དང་པོ་ཡིན།།

རྟེན་འབྱུང་དངོས་ཡོད་གནས་ལུགས་རང་བཞིན་ཐོག
སྲེགས་བཅད་བརྡར་ནས་རིག་པའི་གོང་བུ་རྣམས།།
ཐག་ཆོད་ཡངས་ནས་བདག་གིར་གནང་བ་ཡོངས།།
སྟོན་པ་ཁྱེད་ནི་མཁས་པ་སྔོན་དུ་གནས།།
 


ཆོས་ལུགས་དུ་མ་ཁུངས་ནས་འཕགས་ཡུལ་བརྒྱུད།།
ཆོས་ལྡན་ཞིང་ཁམས་ཆེན་མོ་གསར་དུ་རྐྱོང་།།
ཆོལ་གསུམ་ཞི་བདེ་གླིང་ལ་གོ་ཏམ་ཆོས།།
སྟོན་པ་ཁྱེད་ནི་གསར་བརྗེ་གཙོ་བ་ལགས།།

སྟོན་པ་ཁྱེད་ནི་བླ་མ་ཐོག་མ་མཆིས།།
སྟོན་པ་ཁྱེད་ནི་སྨྲ་བ་དང་པོ་ཡིན།།
སྟོན་པ་ཁྱེད་ནི་མཁས་པ་སྔོན་དུ་གནས།།
སྟོན་པ་ཁྱེད་ནི་གསར་བརྗེ་གཙོ་བ་ལགས།།
             རིགས་ཀྱི་བུ་བཟང། ༢༠༡༥།༣།༤

No comments:

Post a Comment