
རྒྱལ་སྤྱིའི་དཔེ་དེབ་དང་དཔར་དབང་གི་ཉིན་མོ་ལ་བསམ་གཞིག
རིགས་ཀྱི་བུ་བཟང[yeshi tenzin]
སྤྱོད་འཇུག་ལས།
རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི།
དངོས་དེ་གང་ཡང་ཡོད་མ་ཡིན།
དེ་ལྟར་བསླབ་པའི་མཁས་པ་ལ།
བསོད་ནམས་མི་འགྱུར་གང་ཡང་མེད།
ཤེས་
བྱ་ཀུན་ལ་བསླབ་པ་ལ་དགེ་བའི་ཤེས་གཉེན་བསྟེན་དགོས་པ་མ་ཟད།
ལྷག་པར་གསུང་རབ་དང་མི་འབྲེལ་བ་སོ་སོས་སྦྱོང་དགོས་པ་ནི་གལ་ཆེ་ཤོས་ཡིན་པ་སོང་
ཙང།
མཁས་དབང་དམ་པ་ཞི་བ་ལྷས་སྤྱོད་འཇུག་ལས་ཚིག་བཅད་སྦྲེལ་ཏེ་
འདི་རིང་རྒྱལ་སྤྱིའི་དཔེ་དེབ་དང་དཔར་དབང་གི་ཉིན་མོ་རླབས་ཆེན་དེ་ལ་བསམ་གཞིག་
གིས་སྨོན་ལམ་བཏབ་ནས་འདི་རིང་ངའི་བསམ་གཞིག་གི་ཡིག་འབྲི་ལ་ཁྱེད་ཀྱིས་བྱིན་
རླབས་འཇུག་པ་ཤོག
ང་ཚོའི་དགེ་རྒན་འོས་ སྦྱོང་གི་ལོ་རིམ་གསུམ་པའི་རྒྱུགས་དུས་དང་པོ་ལ་སློབ་
ཚན་འཆར་བཀོད་ནང་ལ་
རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་རྩོམ་ཆོས་ཀྱི་ཕྱག་དེབ་[བོད་རེ་
བ་
ཅན་]ནང་གལ་ཆེ་བའི་ཚན་པ་འགའ་རེ་ཞིག་སློབ་དཔོན་མཆོག་གིས་སློབ་ཁྲིད་བྱས་པ་རེད།
དེ་སྐབས་སློབ་དཔོན་མཆོག་གིས་སློབ་ཚན་འགོ་འཛུགས་མ་གནང་བའི་སྔོན་དུ་ཞལ་ནས་ཀུ་
རེ་ལྷན་སྦྱོར་ནས་སྤྱིར་བོད་མི་རྣམས་རྟགས་དང་རྟེན་འབྲེལ་ལ་ཧ་ཅང་དགའ་བ་ལྡན་
མཁན་ཞིག་ཡིན་པས་།
འདི་རིང་ངེད་རྟེན་འབྲེལ་མཚོན་བྱེད་དུ་ལུང་ཞིག་གནང་ཡོང་ཟེར་ནས། ར་སེ་དཀོན་མཆོག་རྒྱ་མཚོའི་[བོད་རེ་བ་ཅན་གྱི་ཕྱག་དེབ་ནས་གལ་ཆེ་ཚན་པ་ནང་
ནས་[རླབས་ཆེན་གྱི་ཉིན་མོའི་བསམ་གཞིག]ཅེས་པ་བརྗོད་གཞི་དེ་རེད་ཞལ་ནས་གསུངས། དེ་མ་ ཐག་ཏུ་བློའི་དབུས་སུ་བརྗོད་གཞི་ནང་ཡོད་པའི་རླབས་ཆེན་གྱི་ཉིན་མོ་དེ་གང་ཞིག་ཡིན་སྲིད་དེ་ནི་སློབ་ཚན་འགོ་
འཛུགས་མ་བྱེད་གོང་དུ་དྲི་བ་ཞིག་ཡིན། ཡིན་ཡང་སློབ་དཔོན་མཆོག་གིས་ལྗག་ཀློག་གནང་་སྐབས་དེའི་ཡིག་ཕྲེང་ཐོག་མ་ནས་གསལ་
བ་ལྟར། [རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཉིན་མོ་མང་པོ་ཡོད་པ་ཀུན་ལ་གལ་ཆེའི་ལེགས་ལྡན་པ་
མ་ཟད། དེའི་ནང་གི་དཔེ་ཀློག་གི་ཉིན་མོ་ནི་འགྲན་ཟླ་མེད་པའི་ཉིན་མོ་ཞིག་རེད། ཚིག་ཕྲེང་དེ་རང་གི་གསལ་སྟོན་བྱེད་ནས་བློ་ཁ་ཡངས་པོ་ཆགས་སོང།
ངས་ཀྱང་བསམ་མནོ་ལ་འགྱུར་བ་མེད་པའི་ཐོག་ནས་རྒན་ལགས་ཀྱི་དཔེ་ཁྲིད་དབང་དུ་བྱས་ ནས་གལ་གནད་ཞེ་དྲགས་ངང་དོ་སྣང་རྩེ་རྣོར་བྱས་ཡིན། ཁ་བྱང་དེའི་རྩོམ་རིག་ནི་ཤོག་ལྷེ་བཞི་མཚམས་ཤིག་འདུག། ཤོག་ལྷེ་འཐའ་མའི་ཁ་ཟུར་གྱི་མཆན་དུ་[རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་ལ་ལྷ་སར་ བྲིས་པ་དགེ] ཉིན་དེ་ནས་དུས་ཆེན་ཡང་ན་དུས་དྲན་དེ་འདྲ་ཞིག་ཐོས་པ་ནི་གཉིད་མེད་ཚུལ་དུ་གཉིད་དཀྲོག་ ནས་རིག་པ་ཐོག་མ་བརྙེད་བྱུང།
གང་ལྟར་ཡང་སློབ་ཁྲིད་ཀྱི་དུས་ཚོད་ངེས་ཅན་ཞིག་ནི་་ཁ་གསལ་གཏིང་གསལ་ཞིག་ངའི་དྲན་གསོ་ཀྱི་ མིན་འདུག ཡིན་ཡང་ལོ་དེ་ནི་སྤྱི་ལོ་༢༠༡༤ ཀྱི་མཚམས་ལ་ཉེ་བ་དང་དགུན་ཁ་གྲང་ངར་ལྡན་པའི་སྐབས་ཤིག་ལ་ཡིན་པ་ནི་ནག་ནོག་ཅིག་
དྲན་གྱི་འདུག གང་ལྟར་ཡང་སྤྱི་ལོ་༢༠༡༤་ནས་ལོ་རྗེས་མར་སྤྱི་ལོ་༢༠༡༥
སྤྱི་ཟླ་༤ཚེས་༢༣ ཉིན་ལ་རླབས་ཆེན་གྱི་ཉིན་མོའི་བསམ་གཞིག་ཚུལ་དུ་སྙུག་གུའི་འབད་རྩོལ་ངང་ནས་
སྲུང་བརྩི་ཞིག་བྱས་དགོས་དྲན་པ་ནི་འདི་རིང་ངས་རེ་སྒུག་བྱས་པའི་ཉིན་མོ་དེ་འདི་རིང་སོང་ཙང་ཉིན་མོ་་ཡིག་རིས་ངང་ནས་སྲུང་བརྩི་དེ་ཆགས་ ཡོད་། འབྲི་གུང་ཆེན་པོས་ཁྱད་འཕགས་ཀྱི་རྣམ་ཐར་བརྒྱད་ཀྱི་གཅིག་ནི་སྤྱན་གསུང་རབ་དང་མི་འབྲལ་བ་དེ་རེད།
དེའི་དོན་ནི་དཔེ་ཆ་བལྟ་རྒྱུ་གལ་ཆེར་འཛིན་པའི་དོན་ཡིན་པས་གལ་ཆེན་པོ་ཡིན་པ་སྨྲོས་ཅི་དགོས།
སོང་ཙང་རགས་ཙམ་གཤམ་དུ་གླེང་རྒྱུ་ཡིན།
རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ།
སྤྱིར་ བཏང་གི་ར་སེ་དཀོན་མཆོག་རྒྱ་མཚོའི་རྩོམ་གྱི་གཞི་དང་བོད་ནང་ལ་མཁས་དབང་ཕལ་
མོར་[ཉིན་མོ་དེ་ལ་བསམ་གཞིག་བྱེད་སྐབས་ རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་37 ཟེར་
སྲོལ་སྔོན་མ་ནས་དར་སྲོལ་ཡོད་པ་འདྲ་འདུག
ཡིན་ཡང ་སྤྱི་ལོ་༡༩༧༢ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག
རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་“དཔེ་ཀློག་སྤྱི་ཚོགས་སུ་བསྐྱོད་
པ་”ཞེས་པའི་འབོད་སྐུལ་གནང་ཞིངའཛམ་གླིང་དཔེ་ཀློག་ཉིན་མོའི་དེ་ལ་
་World
Book Day ཡང་ན་ World
Book and Copyright Dayདེ་དབྱིན་ཇི་ནས་བོད་ཡིག་ལ་ཐད་ཀར་བསྒྱུར་སྐབས།
“
”མིང་ཆ་ཚང་ལ་“འཛམ་གླིང་དཔེ་དེབ་དང་དཔར་དབང་གི་ ཉིན་མོ་”ཞེས་བརྗོད་ན་ལེགས་བ་འདུག་སྙམ་སོང་།
རྒྱལ་སྤྱི་དཔེ་སྐྲུན་མཐུན་ཚོགས”་དང་མཉམ་
འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག
རིག་གནས་རྩ་འཛུགས་ཀྱིས་ །
སྤྱི་ཚོགས་ཁོང་མི་སོ་སོས་དཔེ་ཆ་ཀློག་དགོས་པའི་རེ་བ་སྟོན་པ་དང་།
དཔེ་དེབ་ནི་འཚོ་བའི་ཁྲོད་ཀྱི་རྒྱུན་མཁོ་དངོས་པོ་ཞིག་ཏུ་གྱུར་པ་དང་།
དཔེ་ཀློག་ནི་མི་རེ་རེའི་དུས་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་
ཤིག་ཆགས་པ་རེད་བཅས་ལམ་སྟོན་གནང་ཡོད།
ཉིན་མོ་དེ་སྤྱི་ཟླ༤
ཚེས་༢༣་ལ་སྲུང་བརྩི་ཞུ་དགོས་དོན།
དེ་ལས་སྤྱི་ཟླ་༤་ཚེས་༢༣་ཉིན་ལ་ཐོག་མར་ཉིན་མོ་དེ་བྱས་དགོས་དོན་ནི།
སྤྱི་ལོ་༡༩༢༣་ཉིན་དཔེ་སྟོན་འགྲེམས་སྤེལ་གནང་མཁན་རྣམས་ཀྱི་miguel de cervantes ཟེར་བ་རྩོམ་པ་པོ་གྲགས་ཅན་ཁོང་སྤྱི་ཚེས་དེ་ཉིན་འདས་གྲོངས་ཕྱིན་ཡོད་པ་རྐྱེན།
སྤྱི་ལོ་༡༩༩༥ ལོར་
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་དཔེ་དེབ་དང་དཔར་དབང་གི་ ཉིན་མོ་་བཅས་སྲུང་བརྩི་བྱས་དགོས་པ་ཡོངས་ཁྱབ་གསལ་བསྒྲགས་ གནང་བ་རེད། ད་དུང་ཉིན་དེ་ནི་རྒྱལ་སྤྱིའི་རྩོམ་པ་པོ་སྙན་གྲགས་ཅན་william shakespeareདང་inca garcilaso de la vega དང་མཚན་སྙན་ལྡན་པའི་རྩོམ་པ་པོ་མང་པོ་ཞིག་གི་འདས་གྲོངས་ཀྱི་ལོ་འཁོར་དྲན་གསོ་ ཚུལ་དུ་སྲུང་བརྩི་བྱེད་སྲོལ་ཆགས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་དཔེ་དེབ་དང་དཔར་དབང་གི་ ཉིན་མོ་་བཅས་སྲུང་བརྩི་བྱས་དགོས་པ་ཡོངས་ཁྱབ་གསལ་བསྒྲགས་ གནང་བ་རེད། ད་དུང་ཉིན་དེ་ནི་རྒྱལ་སྤྱིའི་རྩོམ་པ་པོ་སྙན་གྲགས་ཅན་william shakespeareདང་inca garcilaso de la vega དང་མཚན་སྙན་ལྡན་པའི་རྩོམ་པ་པོ་མང་པོ་ཞིག་གི་འདས་གྲོངས་ཀྱི་ལོ་འཁོར་དྲན་གསོ་ ཚུལ་དུ་སྲུང་བརྩི་བྱེད་སྲོལ་ཆགས་ཡོད།
རྒྱལ་སྤྱིའི་ནང་རྒྱལ་ཁབ་ཁག་གི་སྲུང་བརྩི་བྱེད་སྟངས།
spainཨེས་པན།
ཉིན་མོ་དེ་སྲུང་བརྩི་བྱེད་སྟངས་ནི། cervantes's Don Quixoteཞེས་པ་དེ་མཐུན་མོང་མ་ཡིན་པའི་བརྩམས་སྒྲུང་ཞིག་ཆགས་ཡོད་པས།
ཨེས་པན་མི་མང་རྣམས་ཀྱིས་ཉིན་གཉིས་རིང་དེབ་དེ་ཀློག་བ་དང།
སློབ་མ་རྣམས་ལ་དཔེ་ཀློག་ལ་སྤྲོ་བ་གོང་འཕེལ་
ཇེ་ཆེར་དུ་ཨེས་པན་རྒྱལ་པོ་སློབ་མ་རྣམས་ལ་ལེགས་སྐྱེས་དང། རྩོམ་པ་གྲགས་ཅན་དག་ལ་མཐོང་ཆེན་ཚུལ་དུ་མཚན་བསྟོད་དང་གསོལ་རས་འདྲ་མིན་གནང་
སྲོལ་སྔ་མོ་ནས་ད་ལྟ་ཡང་བརྒྱུད་བཞིན་ཡོད།
ཨེས་པན་གྱི་ས་གནས་ཀེ་ཊ་ལོ་ནེཡ་catalonia དུ། སྤྱི་ལོ་༡༤༣༦་ནས་སྐུ་ཞབས་ཇོཤ་st,george
day ཟེར་བའི་དྲན་རྟེན་ཉིན་མོ་དུ་''རྒྱ་སེའི་ཉིན་མོ་"ཟེར་ནས་སྲུང་བརྩི་བྱས་སྲོལ་
ཡོད་པ་དང་ཉིན་མོ་དེ་ལ་ ་སོ་སོ་་དགའ་རོགས་དང་བརྩེ་གདུང་བ་ཕན་ཚུན་ལ་ལག་རྟགས་སྤྲད་སྲོལ་ཡོད། དེ་དང་མཚུངས་ཡང་དགའ་རོགས་ཀྱི་ཉིན་མོ་ཡིན།
དེ་བཞིན་སྤྱི་ལོ་༡༩༩༥ ལོར་ནས་ “འཛམ་གླིང་དཔེ་དེབ་དང་དཔར་དབང་གི་ཉིན་མོ་དེ་སྲུང་བརྩི་བྱས་སྲོལ་འགོ་འཛུགས་པ་ནས་བཟུང་དེ་ཡིས་ད་ལྟ་ཨེས་པན་ནང་ལ་cervantes's
Don Quixot ཁོང་གི་དྲན་རྟེན་དུ་་རྒྱ་སེའི་ཉིན་མོ་ སྐབས་ཕན་ཚུན་རྒྱ་སེ་མེ་ཏོག་ལགས་རྟགས་སྤྲད་བ་ལས་ཕན་ཚུན་དཔེ་དེབ་ལག་རྟགས་སྤྲད་སྲོལ་དར་སྤེལ་ཤུགས་ཆེན་པོ་བྱུང་ཡོད།
སུས་ཊེནsweden
སུས་ཊེན་དུ་ ཉིན་མོ་དེ་ལ་ Världsbokdagen ཟེར་སྲོལ་ཡོད་པ་དེ་ནི་དབྱིན་སྐད་དུ་
འཛམ་གླིང་དཔེ་དེབ་ཉིན་མོ་ དང་གཅིག་མཚུངས་ཡིན། ད་དུང་ཁོང་རྣམས་ཀྱིས་དཔར་དབང་གི་ཉིན་མོ་ཟེར་བ་དེ་བེད་སྤྱོད་གཏོང་མཁན་ཉུང་
ཤས་ཡིན། སྤྱིར་བཏང་གི་ཁོང་རྣམས་ཀྱིས་སྤྱི་ཟླ་༤་ཚེས་༢༣་ལས་སྤྱི་ཟླ་༤་ཚེས་༡༢ ལ་༢༠༠༥་ལོར་འཕོ་འགྱུར་བྱས་ཡོད་ན་ཡང་།
༢༠༡༡་ལོར་བསྐྱར་དུ་གཟུར་ཐབས་བྱས་ཡོད། གང་ཡིན་ཟེར་ཉིན་དེ་ལ Easter ཞེས་པའི་དུས་ཆེན་དང་དུས་གཅིག་ཏུ་ཡིན་པས་གཟུར་ཐབས་བྱས་དགོས་པ་བྱུང་ཡོད།
ཨ་རི་ united
states of america
ཨ་ རི་ནང་ལ་ཉིན་མོ་དེ་རེས་གཟའ་ཉི་མ་ཉེ་འདབས་སུ་སྲུང་བརྩི་བྱེད་ཀྱི་ཡོད།
དེ་སྐབས་ལམ་གཟུར་དུ་དཔེ་དེབ་འགྲེམས་སྤེལ་དང་རྩོམ་པ་་པོ་དང་རྩོམ་པོ་མཐུན་ ཚོགས་མཉམ་ཞུགས་ཐོག་ནས་སྲུང་བརྩི་རྒྱས་སྤྲོས་བྱ་སྲོལ་ཡོད།
ཉེ་ཆར་རྒྱ་ནག་ནང་ལ། china and recent
china
སྤྱི་ ཟླ4པའི་ཚེས23ཉིན་
གྱི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་བཅུ་དགུ་པ་སླེབས་ཉེར་
ཡོད་པའི་སྐབས་འདིར། དམངས་ཡོངས་ནས་དཔེ་ཀློག་བྱེད་སྒོའི་ནང་ཞུགས་པ་དང་།
དཔེ་དེབ་ལྟ་བའི་ཀྲུང་གོའི་རྣམ་པ་བཟང་པོ་གཏོད་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་
གཏོང་ཆེད།
རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་
ཅུད་ཀྱིས་ཉིན་ཤས་གོང་བརྡ་ཐོ་བཏང་ནས།
ས་གནས་ཁག་གིས་ཕུལ་བྱུང་དཔེ་དེབ་འགྲེམས་སྟོན་དང་འགྲེམས་འཚོང་བྱེད་པ།
རིན་གོང་བཅག་ནས་འཚོང་བ་བཅས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་དགོས་པའི་བླང་བྱ་བཏོན་
ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།
འཛམ་གླིང་དཔེ་ཀློག་ཉིན་མོའི་རིང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་འཚོང་ཁང་དང་ལྷག་
པར་དུ་ལྟེ་བའི་གྲོང་ཁྱེར་ཁག་གི་ཤིན་ཧྭ་དཔེ་འཚོང་ཁང་གིས་ཆེད་མངག་ཕུལ་བྱུང་
དཔེ་དེབ་འགྲེམས་སྟོན་དང་འགྲེམས་འཚོང་བྱེད་ས་བཟོ་རྒྱུ་ཡིན་པ་དང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།
སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་
དང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་
དོན་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ།
ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ།
སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་
རྒྱུ།
དེ་བཞིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཁག་ནས་གཞོན་ནུ་ལོ་ཆུང་ལ་འོས་
སྦྱོར་བྱས་པའི་ཕུལ་བྱུང་དཔེ་དེབ་སྣེ་རིགས་བརྒྱ་དང་།
རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་
ཅུད་ཀྱིས་ཉེ་ལམ་ལོ་ཤས་རིང་གཞོན་ནུ་ལོ་ཆུང་ལ་འོས་སྦྱོར་བྱས་པའི་ཕུལ་བྱུང་
དཔེ་དེབ་བརྒྱ་དང་ཀུན་གྱིས་དགའ་པོ་བྱེད་པའི་དཔེ་དེབ་ལྔ་བཅུ་སོགས་གཙོ་གནད་
དཔེ་སྐྲུན་དངོས་པོ་འགྲེམས་སྟོན་བྱས་ཏེ།
ཕུལ་བྱུང་དཔེ་སྐྲུན་དངོས་པོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་
ཡིན་པ་རེད།
བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིག་ནས་ཉིན་མོ་དེ་བསམ་གཞིག་དགོས་ཚུལ། tibet
ནུབ་ཕྱོགས་ཀྱི་མཁས་དབང་ རི་ཇཊ་
ཨེས་ཊིལ། གྱིས་ གསུངས་པ་ལྟར། ནང་སེམས་པའི་དཔེ་དེབ་གང་ཙམ་ཀློག་ཐུབ་པ་ཡིན་ན་དེ་ནི་ཕྱིའི་གཟུགས་ཀྱི་ལུས་
རྩལ་ཡིན། དེ་
ལ་བརྟེན་ནས་ཤེས་ཡོན་གྱི་མིག་ཟུང་ཕྱེ་ནས་དཔེ་དེབ་ཀྱིས་ནང་སེམས་གཉིས་ཀར་
བདེ་བ་སྦྱིན་པ་དང་མཐོང་རྒྱ་དང་ཐོས་རྒྱ་སྣང་བ་རྒྱས་རྒྱུ་ཐེ་ཚོམ་མེད་ཅིང།
དེ་ལ་བརྟེན་ནས་མི་རིགས་དེ་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་གི་རེད་ལ།
རང་རེ་བོད་མི་རིགས་ཀྱི་ངོས་ལ་མཚོན་ན་དེ་བས་གལ་ཆེ་བའི་རང་བཞིན་ལྡན་ཡོད་པ་
རེད།
འདས་པའི་དངོས་སུམ་གཏམ་དང།
ད་ལྟ་ཅུང་ཡར་རྒྱས།
སྤྱིར་ བཏང་གི་བོད་མི་རིགས་ནི་རིག་གནས་ཡངས་པའི་རྐྱེན་ཤེས་ཡོན་ཅན་ལ་དགའ་བའི་མི་
རིགས་ཡིན་ན་ཡང། རང་ཉིད་ཤེས་ཡོན་ཅན་ལ་འགྱུར་རྒྱུ་དང་བསམ་བློ་མེད་པ་དང། དཔེ་ཀློག་ལ་མི་མོས་པ།
སེར་མོ་བ་ཚོས་རང་ལུགས་ཀྱི་ཡིག་ཆ་ཁོ་ན་ལས་གཞན་ལུགས་ལ་སྣང་ཚུལ་དམན་པ་དང། མང་
དག་ཅིག་གིས་ཆོ་ག་ཆོས་སྤྱོད་སོགས་འདོན་ཆ་ངག་བསྐྱོར་གྱི་སྲོལ་ཙམ་ལས་ནང་
ཆོས་དང་འབྲེལ་བའི་རང་རིགས་ཀྱི་ལོ་རྒྱུས་དང། གཞན་གྱི་ལོ་རྒྱུས་་སོགས་མེད་པས།
དད་པ་ཤུགས་ཆེ་བའི་རྨོངས་དད་ཀྱིས་རང་རེ་རྒུད་པའི་རྩ་བ་ཆགས་ཡོད།
ཡིན་ ཡང་ད་ཆ་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བཞིན་པའི་སྐབས་རེད།
བོད་གཞིས་་བྱེས་གཉིས་ལ་རྨོངས་དད་ཇེ་ཉུང་དང་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་ རེད།
ལོ་གཞོན་ཚོ་སློབ་གྲ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་གོ་སྐབས། ལོ་དར་མ་དང་རྒན་རབས་ནང་དཔེ་ཀློག་ལ་འབད་ནས་ཡར་ཐོན་བཞིན་པ།
གྲ་བཙུན་ནང་ལ་ནང་ཆོས་ལས་སྤྱིར་ཤེས་བྱ་ལ་མཐོང་རྒྱ་ཐོས་རྒྱ་རྒྱ་བསྐྱེད་ཀྱིས་ བྱ་བ་རླབས་ཆེ་ལ་འཇུག་གི་ཡོད།
གཞི་
བྱེས་གཉིས་ཀྱི་བླ་སྤྲུལ་ཤེས་མཁན་པ་ཡོངས་ཀྱིས་གདམས་ངག་གཅིག་སྒྲོག་ལྟར།
ང་ཚོས་རང་རེརེ་ཡོད་པའི་སྲོལ་རྒྱུན་གྱི་རིག་གཞུང་ཀུན་ལ་བལྟ་ཀློག་ཡག་པོ་དང།
འཇིག་རྟེན་ཐུན་མོང་གི་ཚན་རིག་དང་ཚན་རྩལ་ཤེས་བྱ་ཀུན་ལ་བལྟ་ཀློག་བྱས་ཏེ་ལེགས་
ཆ་ཅི་ཡོད་ནང་དུ་བསྡུ་ལེན་གྱིས་རང་རིགས་ཀྱི་ལུས་ཟུངས་གསོ་བའི་སྟོབས་ཤུགས་སུ་
འགྱུར་བ་བྱ་དགོས།
མདོར་ན་ང་ཚོ་མི་རིགས་གཞན་གྱི་རང་གཤིས་དེ་ཤུགས་རྐྱེན་ཐེབས་པ་ངང་
རང་ངོ་རང་ཤེས་བྱེད་དགོས། སོང་ཙང་བོད་མི་ང་ཚོ་ཡང་འདི་རིང་གི་ཉིན་མོ་དེ་ལ་བསམ་གཞིག་བྱེད་ནས་
ང་ཚོ་ཁོར་ཡུག་གང་སར་རིགགནས་བགྲོ་གླེང་ཁང་དང་ས་ཕྱོགས་གང་སར་དཔེ་ཀློག་བྱེད་མཁན་དང་དཔེ་དེབ་མཐོང་རྒྱུ་ཡོད་འགྱུར་བ་བྱེད་དགོས།
དེ་དང་འདྲ་བའི་དཔེ་ཀློག་ཉིན་མོ་ཁ་ཤས།
སྤྱི་ཟླ་༩ཚེས་༨ ། བྱིས་པའི་དཔེ་ཀློག་ཉིན་མོ་སྤྱི་ཟླ༤
ཚེས་༢། སྤྱི་ཟླ་༣ རེས་གཟའ་སྤེན་པ་དང་པོ་ལ་world read aloud day། སྤྱི་ཟླ་༢ཚེས༡༤
ཐོག་world book giving day
ཉེ་ཆར་བསླེབ་རན་པའི་སྤྱི་ཟླ་༥ཚེས༥
ཉིན་འཛམ་གླིང་དཔེ་ཀློག་ཉིན་མོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག
རིག་གནས་རྩ་འཛུགས་ཀྱིས་སློབ་མ་ཆེད་དུ་དམིགས་བསལ་གཏན་བབེས་གནང་བ་དང་།
ད་ལོ་སྐབས་༡༨་དེ་སྲུང་བརྩི་བྱེད་འཆར་འདུག དེ་ནི་དམིགས་བསལ་ཨ་རི་དང་ཨེར་ལེན་ཆེད་དུ་བཟོས་པ་ཞིག་རེད།
ཡུལ་
ལུངས་རང་ཉིད་ཀྱི་གཏན་བེབས་བྱས་པ་དང་ཚོགས་སྡེ་ཆུང་ཤས་ཀྱིས་གཏེན་བེབས་བྱས་པ་
མང་པོ་ཡོད་ན་ཡང་དེ་རིགས་ལ་དཔྱད་ཞིབ་བྱ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད།
དེ་ལྟར་ཡོངས་ནས་སྤྱི་ཟླ་༤ཚེས་༢༣་ནི་རྒྱལ་སྤྱིའི་ཡོངས་ཁྱབ་ཏུ་ས་ཁྱབ་རྡོ་ཁྱབ་
བཞིན་ཆགས་ཡོད་པས།
འཛམ་གླིང་སེར་སྐྱ་མི་མང་ཡོངས་ཀྱིས་ཉིན་མོ་དེ་གལ་ཆེ་དོན་ཆེ་དུ་བྱེད་ནས་སྲུང་
བརྩི་རྒྱས་པོ་ཞུ་བཞིན་ཡོད་རེད།
མཐར།
{{ཤེས་ཡོན་ནི་སྟོབས་ཤུགས་རང་རེད།}}
ཅེས་པ་འདི་ནི་དཔེ་ཀློག་ནི་སྟོབས་ཤུགས་རང་རེད་ཅེས་བསྟན་པ་མ་ཡིན་ནམ།
དཔེ་དེབ་དང་དཔར་དབང་གི་ཉིན་མོ་རྒྱལ་ལོ།
No comments:
Post a Comment