Friday, 24 April 2015


  ༧པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་རྒྱལ་མཚན་དང་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ།

                                 Image result for 11th panchen rinpoche
                           ༧པན་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡དགེ་འདུན་ཆོས་ཀྱི་ཉི་མ།
     
 འདི་ཟླ་སྤྱི་ཟླ་གསུམ་པ་འགོ་བསྟོད་ནས་སྤྱི་ཟླ་བཞི་བ་མཚམས་བར་བོད་མི་གདོང་དམར་ཚང་རྣམས་ལ་ ཧ་
ཅང་གལ་འགངས་ཆེན་པོ་ཆགས་ཡོད་པ་ནི། སྤྱི་ཟླ་༣ཚེས་༡༠སུམ་ཅུ་དུས་དྲན་ནས་འདི་རིང་སྤྱི་ཚེས་༢༥ཡི་པན་ཆེན་དགེ་འདུན་ ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དབྲག་ལ་དུས་ཆེན་དང་དུས་དྲན་མང་པོ་གོང མཚུངས་ཤིག་ཡོད་པ་ཤེས་ཐུབ། སོང་ཙང་འདི་རིང་ངའི་རྒྱུ་སྐར་དབུས་ཀྱི་ཟླ་བ་ལགས་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་ལྔ་ཕེབས་པའི་ འཁྲུངས་སྐར་ཉིན་མོ་ཡིན་པ་དང་། ཁོང་དགུང་ལོ་ ༦ ཐོག་ནས་གར་སོང་ཆ་མེད་དུ་གྱུར་རྗེས་བོད་མི་ཚོས་ཁོང་གི་འཁྲུངས་སྐར་ལ་སྲུང་ བརྩི་ཞུས་ནས་་ལོ༢༠ཏག་ཏག་འཁོར་བཞིན་ཡོད་པས་འཁྲུངས་སྐར་སྲུང་རྩི་ལྷན་དུ་། 


 Image result for 11th panchen rinpoche
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། བླ་མ་ཆེན་པོ་འདིའི་རྣམ་པར་ཐར་བའི་མཛད་པ་ནི་སྐྱེ་བོ་ཉམ་ཆུང་ང་ལྟ་བུ་ཞིག་གི་མཛད་པ་ཐམས་སུ་བློའི་ནང་ཡོངས་སུ་འདས་པ་ཡིན་རུང་། དུས་ད་ལྟ། རླབས་ཆེ་བའི་རང་གི་བླ་མ་གང་དེའི་ཕྱག་རྗེས་རྣམས་སོ་སོ་རང་ཉིད་ཀྱི་ཟུར་ཙམ་དྲན་པ་དང། གཞན་རྣམས་ང་རྒྱལ་མེད་པའི་ཐོག་ནས་ཕྱག་དཔེ་དང་གཞན་རྩོམ་རྣམས་དཔེ་ཀློག་དང་བཀའ་འདྲི་རབ་རིབ་ངང་ནས་འགོད་རྒྱུ་ཡིན་པས། གང་འཁྲུལ་བ་རྣམས་དགོངས་གསལ་མཆིས།
སྤྱིར་ བཏང་བོད་མི་ཚོས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཀུན་གཟིགས་ པཎ་ཆེན་སྐུ་ཕྲེང་ ༡༠ མཆོག་རྣམ་གཉིས་ལ་གནམ་ལ་ཉི་མ་དང་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན། ཞེས་ཡོངས་གྲགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྲོག་ལྟ་བུར་ངོས་འཛིན་ཐོག་ བོད་མི་ཙམ་མ་ཟད། བོད་རིགས་མིན་པའི་གོ་ལའི་གདུལ་བྱ་ས་ཡ་མང་པོས་དད་གུས་ཧ་ཅང་ཞུ་བཞིན་ཡོད་པ་ བཞིན་ཁོང་གི་མཛད་པ་རྣམས་མཁྱེན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གུང་ཁྲན་ཏང་ ནང་ཕྱག་ལས་གནང་ བཞིན་དུ་སྙིང་སྟོབས་ཆེན་པོས་འཛེམ་ཟོན་མེད་པར་གུང་ཁྲན་ཏང་ལ་སྐྱོན་བརྗོད་གནང་ བར་བརྟེན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་སྒེར་ལ་མཛད་དཀའ་ཧ་ཅང་འཕྲད་ཡོད། འོན་ཀྱང་དུས་ཀྱི་འགྱུར་བའི་བབ་དང་བསྟུན་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་ གནས་ཐུབ་རྒྱུའི་དགོངས་བཞེས་སོགས་ཀྱི་མཛད་བཟང་ལ་བརྟེན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཆོས་སྲིད་གང་གི་ཆ་ནས་བོད་མི་ཚོར་བཀའ་དྲིན་ ཇི་ཙམ་ཆེ་མིན་དཔོག་ཐུབ་པ་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱས་རྗེས་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་དང་ལྷན་བོད་མི་རྣམས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་རྗེས་ལོ་ མང་རིང་བོད་མི་ཚོས་ཀུན་གཟིགས་ པཎ་ཆེན་རིན་པོ་ཆེ་མཆོག་ལ་བརྩི་བཀུར་དེ་ཙམ་ཞུས་མེད།
དེ་ ཡང་རྒྱ་གར་ལ་བྲོས་བྱོལ་དུ་བླ་ཆེན་དང་སྤྲུལ་སྐུ། དེ་བཞིན་མཁན་ལས་ཟུར་སོགས་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་ཡོངས་སུ་ རྫོགས་པ་ཕེབས་ཡོད་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བོད་ལ་རྒྱ་དང་ལྷན་ དུ་བཞུགས་པའི་མཐོང་ཚུལ་ཞིག་བོད་མི་ཚོར་རང་བཞིན་དུ་བྱུང་བར་བརྟེན། དེ་ཙམ་གྱིས་བརྩི་བཀུར་མ་ཞུས་པའི་གནས་ཚུལ་བྱུང་ཡོད།

བོད་ཀྱི་དུས་འབབ། འདོན་སྤེལ། ༢༠༡༡/༠༤/༢༧ ནང།

བཀའ་ཟུར་ ཨ་ལག་ འཇིགས་མེད་རིན་པོ་ཆེ་མཆོག་གིས་༼ པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེའི་མཛད་རྣམ།༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་རྒྱལ་བ་པཎ་ཆེན། ཞེས་གྲགས་པ་ལྟར་༧རྒྱལ་བ་ཡབ་སྲས་གཉིས་ནི་སྐྱེས་ཆེན་གཞན་དང་མ་འདྲ་བའི་བོད་ གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། ༡༩༥༩ ལོའི་རྙོག་ཟིང་སྐབས་པཎ་ཆེན་རིན་པོ་ཆེ་ཕྱི་ལོགས་སུ་ཕེབས་མ་ཐུབ་པ་དེར་མང་པོ་ ཞིག་གིས་འགྲིག་མ་སོང་བསམ་གྱི་ཡོད་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན་ཏན་ཏན་དེ་ལ་ཐུགས་གནད་ཅིག་ཡོད་རྒྱུ་རེད། པཎ་ཆེན་རིན་པོ་ཆེ་ལ་སྐུ་ངལ་ཡོད་བཞིན་དུ་བོད་ནང་བཞུགས་གཏན་འཁེལ་བ་རེད། དཔེར་ན། ༡༩༦༢ ལོར་ང་ཚོའི་སྐུ་ཚབ་ཐེངས་བཞི་པ་བོད་དུ་སྐྱོད་སྐབས། ང་ཁོང་དང་ཟུར་དུ་མཇལ་འཕྲལ་རག་སོང་། སྐབས་དེར་ཁོང་གིས། ང་ཡང་ཕྱི་རྒྱལ་ལ་རེ་བ་འདྲ་བོ་ཞིག་ཡོད་པ་རེད། ཡིན་ནའང་རྗེས་སུ་དེ་འགྲུབ་ཡོད་པ་མ་རེད། ད་ཆར་བསམ་བློ་བཏང་ན་ང་ཕྱི་རྒྱལ་ལ་ཡོང་མ་ཐུབ་པ་དེ་ཡག་པོ་བྱུང་འདུག་བསམ་གྱི་ ཡོད། གོང་ས་མཆོག་ཕྱི་ལ་བཞུགས་ཡོད་པ་རེད། ངས་འདི་ནས་ཆེན་པོ་ཞིག་བྱ་ཐུབ་ཀྱི་མི་འདུག་མོད། གང་ལྟར་ང་འདིར་བསྡད་ན་སྐད་རྒྱག་མཁན་ཞིག་ཡོད་པ་རེད། ད་ཆར་གོང་ས་མཆོག་ཕྱི་ཕྱོགས་ན་མཚན་སྙན་གྲགས་རྒྱས་ཡོད་པ་གོ་ཡོང་གི་འདུག རྒྱལ་བ་ཡབ་སྲས་གཉིས་ཕྱི་ནང་བྱས་ཏེ་བསྡད་ན་དེར་དགེ་མཚན་མི་འདུག་གམ། གཙོ་བོ་གོང་ས་མཆོག་གི་སྐུ་གཟུགས་དང་སྐུའི་མཛད་འཕྲིན་ཐད་གཟབ་གཟབ་བྱ་རྒྱུ་གལ་ ཆེན་པོ་རེད། ང་ལ་མཚོན་ན་ཞབས་ཞུ་སྒྲུབ་མཁན་ཡག་པོ་མ་རག་པའི་དཀའ་ངལ་ཡོད་ཅེས་གསུངས་སོང་། 

འོན་ཀྱང་གཞིས་བྱེས་བོད་མི་ཚོས་སྐབས་དེར་རྒྱུས་མངའ་མེད་པའི་ གནས་ཚུལ་་ཁ་གསལ་གཏིང་གསལ་རེད།
ཕྱི་ ལོ་ ༡༩༦༢ ལོར་དགུང་གྲངས་ ༢༤ ཕེབས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་མའོ་ཙེ་ཏུང་གིས་གཙོས་རྒྱ་ནག་ གུང་ཁྲན་ཏང་གི་དཔོན་རིགས་མཐོ་གྲས་རྣམས་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ ཕུལ་ཏེ་གུང་ཁྲན་ཏང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་ལ་སྐྱོན་བརྗོད་ ཞིབ་ཕྲ་རྣམས་སེམས་ཐག་རྦད་ཆོད་ཀྱིས་སྙན་ཞུ་འདི་ཉིད་འབྲི་མགོ་བརྩམས་ཤིང་། རང་གི་ཡོངས་འཛིན་རིན་པོ་ཆེས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་དེ་ལྟར་བྱས་ཚེ་སྐུ་ བགེགས་ཡོང་ངེས་ཡིན་པས་ཅིས་ཀྱང་མི་འབུལ་བར་ཞུས་ཀྱང་། སྐྱེས་བུ་ཆེན་པོ་གང་དེའི་སྙིང་སྟོབས་ལ་ཞུམ་པ་བྲལ་ཅིང་རྒྱུ་འབྲས་བློ་མིག་ལ་ འགོག་ཐབས་བྲལ།


དེ་ ཡང་ཡིག་འབྲུ་ཁྲི་བདུན་ནང་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ནང་དེ་སྔ་བྱུང་ མྱོང་མེད་པའི་མུ་གེ་དང་ལྟོགས་ཤི་ཐེབས་པའི་སྐོར་བཀོད་ཡོད་པ་མ་ཟད། ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་དོགས་གཞི་ཅན་གྱི་བོད་མི་སྟོང་ཕྲག་མང་པོ་འཛིན་ བཟུང་བཙོན་འཇུག་བྱས་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་སློབ་གཉེར་བྱ་ རྒྱུའི་ལམ་ལུགས་ལ་དོ་ཕོག་ཤུགས་ཆེ་བཏང་བར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་དུ་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་ བྱས་ཚེ་བོད་མིའི་རིག་གཞུང་གི་རྨང་གཞི་ལྟ་བུའི་བོད་བརྒྱུད་ནང་བསྟན་རྩ་མེད་ འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད་སྐོར་སོགས་བཀོད་ཡོད། གཞན་ཡང་ད་དུང་ཞུ་ཡིག་དེའི་ནང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་བཙོན་འཇུག ངལ་རྩོལ་བསྒྱུར་བཀོད་འོག་ལྟོགས་ཤི་ཐེབས་པ་སོགས་ལ་བརྟེན་ནས་བོད་མི་ཧ་ཅང་མང་ པོ་རྐྱེན་འདས་སུ་ཕྱིན་ཡོད་སྐོར་བཀོད་ཡོད། དེ་བཞིན་ཤེས་ཡོན་ལམ་ལུགས་ནང་རྒྱ་སྐད་གཙོ་བཟུང་བྱས་པར་བརྟེན་བོད་ཀྱི་སྐད་ ཡིག་གསོན་པོར་གནས་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་ཡང་བཀོད་ཡོད།
ལོ་ངོ་དེ་དག་གི་རིང་དུ་བོད་ལ་སྔ་ན་མ་བྱུང་བའི་ཟས་ཆད་ལྟོགས་སྐོམ་གྱི་སྡུག་ བསྔལ་བཟོད་དུ་མེད་བྱུང་ཡོད་པ་ནི། ཁོང་གིསདེ་ལྟའི་བོད་ལྗོངས་ནི་མུན་ནག་དང་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་ གྱི་སྤྱི་ཚོགས་ཤིག་ཡིན་ནའང་འབྲུ་རིགས་དེ་ལྟར་དཀོན་པོ་མེད། ལྷག་པར་དུ་ནང་ཆོས་སྤེལ་ཡུལ་ཤིན་ཏུ་རྒྱ་ཆེ་སྟབས། མི་མཆོག་དམན་སུ་ཡིན་རུང་ཚང་མར་དབུལ་ཕོངས་ལ་སྦྱིན་གཏོང་གི་གོམས་གཤིས་བཟང་པོ་ ཡོད་ཅིང་སློང་མོ་བརྒྱབ་ནའང་འཚོ་ཐབས་འཁྱོངས་ངེས་ཡིན་པ་དང་། ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡོང་མི་སྲིད་ལ། ང་ཚོས་ཀྱང་མི་ལ་ལྟོགས་ཤི་ཐེབས་པའི་གནས་ཚུལ་གོ་མྱོང་མེདཅེས་གསུངས་འདུག(རྩོམ་ཁུངས། བཙན་པོ་ཚང་།]

མའོ་ཙེ་ཏུང་གིས་པཎ་ཆེན་རིན་པོ་ཆེའི་ཞུ་ཡིག་འདི་ནི་དུག་མདའ་ ཞིག་རེད། ཅེས་བརྗོད་ནས་བོད་ཀྱི་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོས་གུང་ཁྲན་ཏང་ལ་དུག་མདའ་ འཕངས་པ་རེད། ཅེས་བཤད་ནས་སྐྱོན་བརྗོད་ཐོག་གྲལ་རིམ་གྱི་དགྲ་བོར་ངོས་འཛིན་བྱས་ཏེ་པཎ་ཆེན་ རིན་པོ་ཆེ་མཆོག་ལ་མང་ཚོགས་ཀྱིས་འཐབ་འཛིང་བཏང་བ་མ་ཟད། ། རྗེས་སུ་ལོ་བཅུའི་གོད་ཆགས་ཆེན་མོའི་སྐབས་སུ། ཏན་ཏན་ཡོངས་འཛིན་རིན་པོ་ཆེས་གསུངས་པ་ལྟར། ཕྱི་ལོ༡༩༦༦ལོར་ཁོང་ཉིད་སྙན་ཞུ་འདི་ཡི་རྐྱེན་གྱིས་བཙོན་དུ་བཅུག་ཅིང་འཐབ་ རྩོད་དང་མནར་གཅོད་བཟོད་དུ་མེད་པ་བཏང་། སྐབས་དེར་མནར་གཅོད་དང་འཐབ་རྩོད་བྱས་པའི་གནས་ཚུལ་ནི་ཁོང་གིས་གསུངས་པ་ལྟར། གེ་སར་སྒྲུང་ནང་བཞིན་ཉིན་ཁ་ཤས་ལ་བཤད་རྒྱུ་ཡོད་པ་དང་། དེས་ཀྱང་མི་ཚད་པ་ཞིག་ཡིན་འདུག
མི་ལོ་ ༡༤ རིང་བཙོན་འཇུག་སྐབས་བོད་ནང་གི་བོད་མི་མང་པོས་རིན་པོ་ཆེ་མཆོག་གི་འཆི་གསོན་ གནས་སྟངས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད།  ། ཕྱི་ལོ༡༩༧༧ལོའི་ཟླ༡༠པའི་ཚེས༡༠ཉིན་ཁོང་ཉིད་བཙོན་གྲོལ་ཐོབ་རྗེས། ཁོང་གིས་བོད་ཁམས་ཡོངས་ལ་གཟིགས་ཞིབ་མཛད་ཅིང་། ས་གནས་སོ་སོར་ཞབས་སོར་དངོས་སུ་བཀོད་ནས་དེ་གའི་སེར་སྐྱ་ཡོངས་ལ་རང་གི་རིག་ གནས་རྒྱུད་འཛིན་དར་སྤེལ་གཏོང་དགོས་སྐོར་ལ་བཀའ་སློབ་གལ་ཆེན་གནངས་པར་མ་ཟད། སྐུ་དངོས་ཀྱིས་འགྲོ་གྲོན་འབོར་ཆེན་བཏོན་ནས་སློབ་གྲྭ་བསྒྲུབས་པ་སོགས་ཉིན་ མཚན་རེས་མེད་དུ་དཀའ་ལས་སྐུ་ཚེགས་ཤས་མི་བཟོད་པ་མྱངས། ཇི་སྐ་དུ།ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན་རང་ཉིད་ཀྱི་ཆོས་ལུགས་ དང་མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞེན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་སྲོག་ཀྱང་བློས་གཏོང་སྲིདཅེས་ གསུངས་པ་བཞིན། ཁོང་གིས་དངོས་སུ་རང་གི་མི་རིགས་དང་རིག་གནས་ཀྱི་ཆེད་དུ་རང་གི་སྐུ་སྲོག་ལ་མ་ འཛེམ་པར་མང་ཚོགས་ལ་མི་རིགས་དང་སྐད་ཡིག་སྲུང་སྐྱོབ་སླད་གསུངས་བཤད་མང་པོ་བཀའ་སྩལ་གནང།
རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་ སྤེལ། མི་རིགས་ཀྱི་རིག་གནས་དར་སྤེལ། ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་རྒྱུ་ནི་མི་རིགས་ས་ཁུལ་རང་སྐྱོང་སྲོལ་ ཡིག་གི་རྩ་བའི་དགོངས་པ་ཡིན་ལ། དོན་དག་འདི་ལ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། རིམ་པ་གོང་འོག་གི་འགོ་ཁྲིད་ལས་བྱེད་པས་འདི་ལ་བཀུར་བཟོས་དང་རྒྱབ་སྐྱོར་བྱེད་ དུ་འཇུག་དགོས་ལ། དོན་དངོས་ཀྱི་ཉིན་རེའི་བྱ་བའི་ཁྲོད་ནས་དེ་ལ་བརྩི་མཐོང་དང་བོད་སྐད་ཡིག་བཀོལ་ སྤྱོད་བྱེད་དགོས།

ཡང་ཁོང་ གིས་མི་རིགས་རང་སྐྱོང་ལ་འབད་པ་ཧུར་ཐག་བྱས་ཡོད། ཁོང་བཙོན་གྲོལ་ཐོབ་རྗེས་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་སར་བསྐྱོད་དེ་བོད་ སྐད་བོད་ཡིག་དང་ཆོས་ལུགས་སླར་གསོ་སོགས་ལ་ཤུགས་སྣོན་བྱས་པར་མ་ཟད། མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་ངེས་པར་དུ་སློབ་གསོར་མཐོང་ ཆེན་བྱེད་དགོས་པའི་བཀའ་སློབ་གལ་ཆེན་གང་སར་གནང་།
ལྷག་ཏུ། དངོས་གནས་ས་གནས་རང་སྐྱོང་བྱེད་དགོས་པ་དང་། མིང་དོན་གཉིས་མཚུངས་ཀྱི་ས་གནས་རང་སྐྱོང་བྱེད་དགོས་ན། དེ་ལ་རང་བདག་དབང་ཆ་ཡོད་དགོས་པ་དང་། མི་རིགས་རང་གི་ཁྱད་ཆོས་རྒྱུད་འཛིན་བྱེད་དགོསཞེས་ གསུངས། མི་རིགས་ས་གནས་རང་སྐྱོང་ཁག་ཏུ་མི་རིགས་དེ་གའི་སྐད་ཡིག་བེད་སྤྱོད་བྱ་དགོས་ ཚུལ་སོགས་བསམས་ཤིང་བསམ་ན་ལོ་རྒྱུས་ཀྱི་མཐོང་རྒྱ་ཤིན་ཏུ་རིང་ཞིང་། ཆབ་སྲིད་ཀྱི་མིག་དབང་རབ་ཏུ་རྣོ་བ་འདི་དག་ནི་ཁོ་བོས་ད་ལྟ་ད་དུང་ཡང་ཁོང་ཉིད་ ཡང་ཡང་གླེང་དགོས་པའི་རྒྱུ་མཚན་གཅིག་མིན་ནམ།
ད་ལྟ་རང་སྐྱོང་དུ་འབོད་པའི་བོད་རིགས་ས་ཁུལ་ཡོངས་སུ་བོད་སྐད་བོད་ཡིག་གི་ གཞུང་ཡིག་གཙང་མ་ཞིག་ཡོད་པ་ལྟ་ཞོག བོད་ཡིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་བོད་ཀྱི་སྐད་ཡིག་སློབ་པ་བཅས་ལ་ཡང་ བར་བགེགས་བདུད་ཀྱི་ཆོ་འཕྲུལ་དུས་མིན་གསལ་མིན་དུ་འོང་གིན་འདུག་ན། འདི་ནི་ཡར་རྒྱས་རེད་དམ་རྗེས་ལུས་རེད།
དེ་དང་འབྲེལ་བའི་པཎ་ཆེན་རིན་པོ་ཆེའི་སྐད་ཡིག་ཐོག་གསུང་བཤད་ཚན་པ།
རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་ སྤེལ། མི་རིགས་ཀྱི་རིག་གནས་དར་སྤེལ། ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་རྒྱུ་ནི་མི་རིགས་ས་ཁུལ་རང་སྐྱོང་སྲོལ་ ཡིག་གི་རྩ་བའི་དགོངས་པ་ཡིན་ལ། དོན་དག་འདི་ལ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། རིམ་པ་གོང་འོག་གི་འགོ་ཁྲིད་ལས་བྱེད་པས་འདི་ལ་བཀུར་བཟོས་དང་རྒྱབ་སྐྱོར་བྱེད་ དུ་འཇུག་དགོས་ལ། དོན་དངོས་ཀྱི་ཉིན་རེའི་བྱ་བའི་ཁྲོད་ནས་དེ་ལ་བརྩི་མཐོང་དང་བོད་སྐད་ཡིག་བཀོལ་ སྤྱོད་བྱེད་དགོས།
ཁྱེད་ཚོས་བོད་སྐད་བཤད་པ་ངོ་ཚ་ན། ཁྱེད་ཚོས་བོད་སྐད་མ་ཤོད་ཀྱང་ཆོག ཁྱེད་ཚོས་བོད་ཆས་གྱོན་པ་ངོ་ཚ་ན། ཁྱེད་ཆོས་བོད་ཆས་མ་གྱོན་ཀྱང་ཆོག འོན་ཀྱང། ཁྱེད་ཚོ་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན།
ང་རང་གིས་རྒྱས་སྐད་བཤད་ཤེས་པ་དེ། ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་མ་ཤེས་ན་ཡང་ངོ་ཚ་དགོས་དོན་མེད། གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་ན་དེ་ནི་ང་རང་གི་ཞབས་འདྲེན་དང་ངོ་གནོང་དགོས་པ་ཞིག་རེད།

ད་ལྟའི་ བླ་ཆེན་དང་མི་ཆེན་དུ་སྐད་པ་དག་ནི། རང་གི་ཁེ་ཕན་ཉི་ཚེ་བ་དང་གྲགས་པ་སྐམ་པོའི་དོན་དུ་རྒྱུ་འབྲས་ཀྱི་རྒྱ་མ་ཤར་ལ་ གཡུགས། སྤུས་ཀ་མེད་པའི་སྤྲུལ་སྐུ་རྫུན་མ་ངོས་འཛིན་བྱས་སྲོལ་རྣམས་དམ་པ་ཁོང་གིས་ མཁྱེན་ནས་བོད་དོན་མི་རིགས་ཆེད་་སེམས་འཁུར་དགོས་པ་དམན་པའི་བརྟེན།
པཎ་ཆེན་རིན་པོ་ཆེའི་གསུང་བཤད་མཆོག་གིས།
སྤྲུལ་སྐུའི་གྲངས་ཀ་མང་པོ་མི་མཁོ། དགོས་པ་ནི་སྤུས་ཀ་ཡག་པོ་ཅན་ཡིན། སྔར་སྲོལ་གཞིར་བཞག་ནས་སྤྲུལ་སྐུ་ཐག་གཅོད་པའི་དབང་ཆ་དེ་ང་པན་ཆེན་ལ་སྟེར་རོགས། ངས་ཐག་བཅད་པ་རྣམས་རིམ་པ་གོང་འོག་གི་སྲིད་གཞུང་གིས་ཁས་ལེན་དགོས་ལ། གཞན་གྱིས་ཐག་བཅད་པ་རྣམས་ལ་ཁས་ལེན་མ་སྟེར་རོགས།
ང་ཚོས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་ནང་ ཆོས་དར་སྤེལ་དང་རྒྱུད་འཛིན། དགོན་པ་ཁག་བདག་དམ་ཡག་པོ་བྱེད་དགོས་པའི་ཆེད་དུ་རེད་མ་གཏོགས། གོས་སེར་པོ་ཞིག་གིས་བཏུམས་བཞག་ཡོད་པ་ཞིག་ལ་་ཡ་ཡ་་དང་་ལེགས་སོ་་སྟེར་བའི་ ཆེད་གཏན་ནས་མིན། འདི་ལ་ཚང་མས་བསམ་གཞིག་ཐོངས། ང་ཚོས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ནི་ནང་ཆོས་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ཞིག་ དང་། ལུང་རྟོགས་ཀྱི་ཡོན་ཏན་དུ་མས་རྒྱུད་ཕྱུག་པ། ཀུན་སྤྱོད་འདུལ་བ་བཞིན་གནས་དགོས་པ་ཞིག་མ་གཏོགས། གོས་སེར་པོས་བཏུམས་ནས་ཁྲི་མཐོན་པོའི་སྒང་ནས་བསྡད་བཞག་ན་སྙིང་བོ་མེད། དེ་འདྲ་གཏན་ནས་ཡག་པོ་མ་རེད།

མཚན་སྙན་དང་ཁེ་བཟང་མ་གཏོགས་དོན་ངོ་མ་ལས་དོན་མེད་པ་ འདི་དག་དང་བསྡུར་ན་མེས་པོ་པན་ཆེན་ལགས་ནི་རྒྱུ་སྐར་དབུས་ཀྱི་ཟླ་བ་མ་ཡིན་ནམ། མཚུངས་མི་ནུས་པ་ཡིན། སྤྱིར་བཏང་གི་བསྡུར་དུ་མི་རུང་བའི་ནག་པོ་དང་དཀར་པོ་ཁྱད་པར་མཆིས།
ཕྱི་ ལོ་ ༡༩༧༨ ཕྱི་ཟླ་ ༢ ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཤིང་ཧྭ་ནང་པཎ་ཆེན་རིན་པོ་ཆེ་མཆོག་རྒྱལ་ས་པེ་ ཅིང་དུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཟེར་བའི་ནང་ཕེབས་ཡོད་པའི་དྲིལ་ བསྒྲགས་བྱས་རྐྱེན་གཞི་ནས་ཁོང་སྐུ་འཚོ་བཞུགས་ཡིན་པ་ཤེས་རྟོགས་བྱུང་ཡོད།
ཕྱི་ ལོ་ ༡༩༨༠ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་བསྐྱར་དུ་རྒྱ་ནག་མི་དམངས་འཐུས་མི་ ཚོགས་ཆེན་གྱི་ཚོགས་གཞོན་དུ་བསྐོ་གཞག་བྱས། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་སྡུག་སྦྱོང་མནར་གཅོད་ དང་མང་ཚོགས་ལ་མཚན་དམས་ཞུ་རུ་བཅུག་པ། དེ་བཞིན་བཙོན་དུ་གཅིག་པུར་བཅུག་པ་སོགས་ཇི་ཙམ་བྱས་ཀྱང་ཁོང་གི་ལྷག་བསམ་དང་ སྙིང་སྟོབས་གཡོ་མེད་ཐོག་ཕྱིས་སུ་དམ་བསྒྲགས་ཕྲན་བུ་ལྷོད་ཡངས་བྱུང་སྐབས་མུ་ མཐུད་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་གདོང་ ལེན་གནང་ཡོད་པ་དང།
ཡིན་ཡང་། ཕྱི་ལོ་༡༩༨༢ ལོར་པཎ་ཆེན་རིན་པོ་ཆེའི་མཆོག་གིས།
གྱ་གཉིས་ལོར་ང་རང་ཕྱིར་དབུས་གཙང་ལ་སླེབས་ སྐབས་མི་ཁ་ཤས་ཀྱི་དགའ་བསུ་ཆེར་མ་ཞུས་ཀྱང་བོད་མི་དམངས་སྤྱི་ཡོངས་ནས་དགའ་བསུ་ ཚད་མེད་པ་བྱས། སྐབས་དེར་ངས་ཚང་མར་ཞུས་པ་བཞིན་དཔོན་པོ་ཁ་ཤས་ནི་བོད་ནས་ལོ་ངོ་ཉི་ཤུ་སུམ་ཅུར་ བྱ་བ་བྱས་ཀྱང་། བོད་ཀྱི་་འཕར་རྩ་་ངོ་མ་དེ་ཇི་ལྟར་ལྡིང་བཞིན་ཡོད་པ་ཧ་གོ་གི་མེད། སྐད་ཆ་འདི་ལ་དོན་སྙིང་ཆེན་པོ་ལྡན་ལ། ་་འཕར་རྩ་་འདི་ངོས་ཟིན་པ་ཧ་ཅང་གལ་ཆེན་པོ་ཡིན། རང་ཉིད་ཀྱི་ཞབས་འདེགས་ཞུ་ཡུལ་དེ་ངོས་འཛིན་ཡག་པོ་བྱེད་དགོས།བཅས་གསུངས།
ཕྱི་ལོ་ ༡༩༨༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ལྡན་སྨོན་ལམ་ཆེན་མོ་འཚོགས་སྐབས་ཀུན་གཟིགས་པཎ་ ཆེན་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན།
 ༼ ༸རྒྱལ་བ་རིན་པོ་ཆེ་མཆོག་དང་ང་གཉིས་ནི་ཆོས་ཀྱི་གྲོགས་པོ་ཡིན། ང་གཉིས་ཀྱི་བར་མི་མཐུན་པ་དེ་འདྲ་གང་ཡང་མེད། ཡིན་ནའང་དེང་སྐབས་མི་རེ་ཟུང་ནས་དཀྲོག་གཏམ་བཟོས་ཏེ་སྔར་གྱི་གཞུང་བླ་དང་དེ་ འདྲའི་དམ་སེལ་གྱི་སྐད་ཆ་ཤོད་མཁན་ཏོག་ཙམ་ཡོང་གི་འདུག ངས་ཁོང་ཚོར་ཞུ་རྒྱུར་དེ་འདྲ་མ་བཤད་ན་ཡག་པོ་འདུག དེ་ནི་དགོས་མེད་སྐྱོན་གྱུར་དང་སངས་རྒྱས་ཀྱི་བསྟན་པ་དང་། བོད་མི་རིགས་ཚང་མར་གནོད་སྐྱོན་མ་གཏོགས་ཡོང་གི་མ་རེད།༽ ཅེས་གསལ་བཤད་གནང་ཡོད།
ཕྱི་ ལོ་ ༡༩༨༩ ཕྱི་ཟླ་ ༡ ཚེས་ ༩ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཞིས་ཀ་རྩེར་རྟེན་གཞི་བྱས་པའི་གདན་ས་ བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་སྐུ་གོང་མ་ལྔའི་སྐུ་གདུང་མཆོད་རྟེན་ཉམས་ གསོ་ལེགས་གྲུབ་བྱུང་བར་རབ་གནས་མཛད། ཟླ་བ་དེའི་ཕྱི་ཚེས་ ༢༤ ཉིན་པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲས་ལྷུན་དགེ་འདུན་པ་དང་གཞིས་རྩེའི་ཆབ་ འབངས་རྣམས་ལ་བཀའ་སློབ་ཕེབས་དོན།
༼ ང་ཚོས་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་དང་། གྲུབ་འབྲས་གཉིས་བསྡུར་ནས་བཤད་ཚེ་ངའི་བསམ་ཚོད་བྱས་ན་བློས་བཏང་བའི་གྱོང་གུན་ གྱི་རིན་ཐང་མང་བ་ཡོད་པ་རེད། ང་ཚོར་ཐོབ་པའི་གྲུབ་འབྲས་ཀྱི་རིན་ཐང་དེ་གྱོང་གུན་གྱི་རིན་ཐང་ལས་ཆེ་བ་བྱུང་ ཡོད་པ་མ་རེད། ༽
ཅེས་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་ སྲིད་བྱུས་ལ་སླར་ཡང་ སྐྱོན་བརྗོད་ཤུགས་ཆེ་གནང་རྐྱེན་མཐར་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གློ་བུར་དུ་རྒྱ་ནག་དཔོན་རིགས་ཁ་ཤས་ཀྱིས་གདུག་རྩུབ་གཉའ་གནོན་འོག་་ཁོང་གི་གདན་ས་བཀྲ་ ཤིས་ལྷུན་པོར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།[དེ་ཐོག་ས་ར་མཐོ་སློབ་ཀྱི་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པའི་ཕྱག་དེབ། ༧པན་ཆེན་རིན་པོ་ཆེན་ཐོག་ཉམས་ཞིབ་བྱས་པ་དེ་གཟིགས་རོགས་ཕྱི་ནང་གི་རྐྱེན་གནས་ཚུལ་ཡོངས་རྫོགས་གསལ་བཤད་གནང་ཡོོད]
དེ་ནས་སྤྱི་ལོ་༡༩༨༩་ལོར་འཁྲུངས་པའི་དེ་ རིང་ནི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་ལྔ་ཕེབས་པའི་ འཁྲུངས་སྐར་ཉིན་མོ་ཡིན་པ་དང་། ཁོང་དགུང་ལོ་ ༦ ཐོག་ནས་གར་སོང་ཆ་མེད་དུ་གྱུར་རྗེས་བོད་མི་ཚོས་ཁོང་གི་འཁྲུངས་སྐར་ལ་སྲུང་ བརྩི་ཞུས་བ་དང་་ལོ་༢༠ཏག་ཏག་འཁོར་བཞིན་ཡོད།
ཕྱི་ ལོ་༡༩༩༥ ཟླ་༥ ཚེས་ ༡༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་ མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས་རྒྱ་གཞུང་ གིས་ཁོང་དང་ཡབ་ཡུམ་སྐུ་འཁོར་བཅས་ནག་ཆུ་ས་གནས་ལྷ་རི་རྫོང་བཞུགས་གནས་ནས་བཙན་ ཁྲིད་བྱས་པ་མ་ཟད། རྒྱལ་སྤྱིའི་ཐོག་བཙན་ཁྲིད་བྱས་པ་ཁས་ལེན་རྩ་བ་ནས་མ་བྱས་ཁར་ཕྱི་ལོ་༡༩༩༥ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་གཞུང་གིས་ཆབ་སྲིད་དགོས་མཁོའི་དབང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་བོད་ ཀྱི་བྱིས་པ་ཞིག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད།
སྤྱི་ ལོ་༡༩༩༦ ཟླ་༥ ཚེས་ ༡༤ ཉིན་རྒྱལ་སྤྱིའི་གནོན་ཤུགས་འོག་རྒྱ་གཞུང་གིས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་ མའི་ཕ་མའི་རེ་བ་ལྟར་ཁ་བྲལ་རིང་ལུགས་པས་ཁོང་བཙན་ཁྲིད་བྱེད་རྒྱུའི་ཉེན་ཁ་ཡོད་ པར་ཕྲུ་གུ་དཀྱུས་མ་ཞིག་གི་བདེ་འཇགས་ཆེད་ང་ཚོས་སྲུང་སྐྱོབ་བྱེད་བཞིན་ཡོད་ སྐོར་བརྗོད་ཡོད། གལ་ཏེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བྱིས་པ་དཀྱུས་མ་ཞིག་ཡིན་ན་དེ་ལ་རྒྱ་ གཞུང་གིས་གསང་བའི་བཀག་ཉར་རྒྱུན་རིང་བྱེད་དགོས་དོན་མེད་ལ་བྱིས་པ་དཀྱུས་མ་ ཞིག་གི་ཆེད་རྒྱལ་སྤྱིའི་ཐོག་རྫུམ་དང་གཡོ་སྒྱུ་ཁྲབ་དོན་མེད།

༸ པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་གྱུར་བ་དེས་རྒྱ་གཞུང་གི་བོད་པའི་ཆོས་དང་རིག་ གཞུང་ལ་རྡོག་རོལ་རྩིས་མེད་བཏང་གི་ཡོད་པ་གསལ་པོ་བསྟན་ཡོད་ལ་དམིགས་བསལ་རྒྱ་ གཞུང་གིས་བོད་པའི་ནང་ཆོས་དེ་ཆབ་སྲིད་ཐོག་བེད་སྤྱོད་བྱེད་རྒྱུ་ཡིན་པ་གསལ་པོ་ རེད། ཕྱི་ལོ་༢༠༠༧ ལོར་རྒྱ་གཞུང་གིས་༼སྒྲིག་གཞི་ཨང་ལྔ་པ་༽ཟེར་བ་ཞིག་བཏོན་པའི་ནང་ནང་ཆོས་ཀྱི་ བྱེད་སྒོའི་རིགས་ཐ་དག་དང་བླ་མ་ངོས་འཛིན་རིགས་སོགས་རྒྱ་གཞུང་གི་སྟངས་འཛིན་ འོག་འགྲོ་དགོས་པས་ལས་རང་འཚམས་ཀྱི་སྤེལ་ན་ཁྲིམས་འགལ་ཡིན་ལུགས་འཁོད་ཡོད་པར། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་སྒེར་པ་སོགས་ཀྱིས་དེའི་ཐད་ལ་སེམས་ཚབ་ཆེན་པོ་ བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་ཀྱི་ཆོས་དད་རང་དབང་དང་རིག་གཞུང་སོགས་ལ་རྒྱ་གཞུང་ནས་རྡོག་རོལ་ ཚབས་ཆེན་གཏོང་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

ཕྱི་ ལོ་༢༠༠༥ ལོར་༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་༡༠ འཁོར་བའི་དུས་དྲན་ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམིགས་ བསལ་སྐུ་ཚབ་ནས་རྒྱ་གཞུང་ལ་བཏང་བའི་ཡི་གེའི་ནང་༸པཎ་ཆེན་རིན་པོ་ཆེ་མུ་མཐུད་ བཀག་ཉར་བྱས་པ་དེས། བོད་པའི་ཆོས་དད་རང་དབང་ཐོག་ཐེ་བྱུས་ཧ་ཅང་གི་ཆེན་པོ་བྱས་པ་དང་བོད་པའི་སྲོལ་ རྒྱུན་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཐོབ་ཐང་ཡོད་པ་རེད་ཟེར་འཁོད་ཡོད། དེ་བཞིན་༡༩༨༡ ལོར་རྒྱལ་ཚོགས་ཀྱི་གྲོས་ཚོགས་ཐོག་ཆོད་དད་རང་དབང་དང་འབྲེལ་བའི་གསལ་སྒྲགས་ ཤིག་སྤེལ་བའི་ནང་སོ་སོའི་ཡུལ་ལུང་གང་གི་ནང་སྲོལ་རྒྱུན་གྱི་ཆོས་ཕྱོགས་མཛད་ སྒོ་དང་བླ་མ་ངོས་འཛིན་བྱེད་སྟངས་སོགས་ཀྱི་ཐོབ་ཐང་ཡོད་ཟེར་གསལ་པོར་གནང་ཡོད།
བོད་ ཀྱི་ནང་ཆོས་ཐོག་ནས་བླ་མ་དང་སྤྲུལ་སྐུ་ངོས་འཛིན་གནང་ཡས་གལ་ཆེན་པོ་ཡིན་ལ། བོད་པའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ལའང་གལ་འགངས་ཆེན་པོ་ཆགས་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་ཡུལ་སྲོལ་སོགས་རྡོག་རོལ་ ཚབས་ཆེན་བཏང་དང་གཏོང་བཞིན་པར་ལྟེ་གནས་ཁང་ནས་སེམས་ཚབ་ཆེན་པོས།༸པཎ་ཆེན་དགེ་ འདུན་ཆོས་ཀྱི་ཉི་མ་གཙོས་པའི་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་ཆབ་སྲིད་ བཙོན་པ་རྣམས་གང་མྱུར་གློད་ཀྲོལ་ཡོང་བའི་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ ཡིན་པའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ ཤུགས་དྲག་ཞུ་རྒྱུ།
       

                                          གསོལ་འདེབས།
 གལ་ཏེ་རྩོམ་འདི་ནང་དཔེ་བཤུས་འདྲ་ཡོད་པ་གཟིགས་པ་དང། གང་བྲིས་བ་རྣམས་བརྩམས་ཆོས་དེ་ཡིས་བསམ་བློ་དང་མི་ལྡན་ན་དགོངས་གསལ་ཞུ་རྒྱུ་ཡིན།
འདིའི་ནང་རྩོམ་པ་པོ་རང་ཉིད་དང། ལྷག་པར་དྲ་རྒྱ་ནས་རྩོམ་པ་པོ་རྣམས་ཀྱིས་རྩོམ་རྣམས་རྩོམ་སྒྲིགས་ཀྱང་གང་ཙམ་བྱས་ཡོད། གལ་ཏེ་བསམ་ཚུལ་དང་བརྒྱུད་འགོད་གང་ཡོད་ཚེ། ytenzin2@gmail.com སྦྲེལ་བ་གནང་རོགས།
འདི་ནི་རིགས་ཀྱི་བུ་བཟང་གིས་དྲ་རྒྱ་ནས་རྩོམ་སྒྲིག་དང་རང་ཉིད་ཀྱིས་བསམ་ཚུལ་ཁ་སྣོན་བྱས་པའི་རྩོམ་ཞིག




No comments:

Post a Comment