ས་སྐྱ་ལེགས་བཤད་འགལ་འགངས་དང། མཚན་འཐོབ་ཚུལ་རགས་ཙམ་གླེང་བ།
ས་སྐྱ་ལེགས་བཤད་གལ་འགངས་ཡང་ན་སྦྱོང་དགོས་པའི་རྒྱུ་མཚན་ནི།
ས་སྐྱ་ལེགས་བཤད་ཅེས་པ་དེ་གང་ཅམ་ཀློག་ཀྱང་གཏིང་ཇེ་ཟབ་ཏུ་འགྲོ་བ་དང་།
ས་སྐྱ་ལེགས་བཤད་ཞེས་པ་དེ་ལེགས་བཤད་རིགས་གཅིག་དང་དེ་བསམ་བློ་གཏོང་ཡ་དང། བྱ་བ་ཐག་གཅོད།
སོ་སོ་རང་ཉིད་ལམ་སྟོན་བྱེད་མཁན་ལེགས་བཤད་རྨད་དུ་བྱུང་བ་ཞིག་རེད། སོ་སོ་ཡི་གེ་འབྲི་སྟངས།
གཅིག་ཡག་པོ་བྱོས། གཉིས་ཡག་པོ་བྱོས། དེ་འདྲའི་བསླབ་བྱ་རྒྱབ་བ་མ་ཡིན་པར།
དོན་ཚན་གཞན་ཞིག་ནི་། ཚིག་ཡག་པོ་ཡོད་པ། ཚིག་དོན་ལྷན་ཏུ་ཚིག་དང་སྒྲུང།
སྒྲུང་དེ་ཡང་སོ་སོའི་མི་ཚེ་ལ་དཔེ་འཇོག་རྒྱུ་ཡོད་པ། དེ་ཡང་ཐ་སྙད་གསོག་སྒྲུབ་ལ་ཧ་ཅང་ཕན་ཡོན་ཆེན་པོ་ཡོད།
ས་སྐྱ་ལེགས་བཤད་ཁྱབ་གང་ཙམ་ཡོད་མེད་དཔེར་ན། སྤྱིར་བོད་པའི་སྤྱི་ཚོགས་ནང་བོད་ཡིག་ཤེས་མཁན་ཚང་ཁ་ནས་འདོན་རྒྱུ་ཡོད་པ་དང། བོད་སྐད་ཤེས་མཁན་མང་པོས་ཁ་ནས་བཤད་རྒྱུ་ཡོད། དཔེར་ན། མཁས་པ་སློབ་པའི་དུས་ན་སྡུག
དེ་བཞིན་རིག་པ་ནང་པ་ཕྱི་ཡང་སློབ། སོགས་ནི་བོད་པའི་སྤྱི་ཚོགས་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཡིན། མཁས་པ་རྣམས་ཀྱི་ཨ་ཅང་ཅང། ཁོང་རྣམས་ཀྱི་མཆོན་ཆ་བཞིན་ཆགས་ཡོད།
༢ ལེགས་པར་ཤེས་པའི་རིན་པོ་ཆེའི་གཏེར།
མིང་འཐོབ་སྟངས། རྩོམ་པ་པོ་ངང་ནས་མིང་ཐོབ་པ། དཔེར་ན
ཚིག་མཛོད་ཤེས་བྱ་རབ་གསལ། དེ་ཡི་རྩོམ་པ་པོ་དུང་དཀར་ཡིན་པ་སོང་ཙང་དུང་དཀར་ཚིག་མཛོད། དེ་བཞིན་གྲུབ་མཐའ་ཞིག་ཡོད་པ་དེ་ལ་དུང་དཀར་གྲུབ་མཐའ་ཟེར།
དེ་མཚུངས་ས་སྐྱ་པན་ཊི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་ཡིན་པའི་ཁོང་གིས་བརྩམས་གནང་བའི་ལེགས་བཤད་ལ་ས་སྐྱ་ལེགས་བཤད་ཟེར།
མིང་དངོས་ལ་ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར[the bank of treasure or the
bank of gems]ཟེར།
ཁོང་དུས་དེབ་དང་པོ་ནི་དགུང་ཉི་ཤུ་རྩ་གསུམ་ཐོག་སྒྲའི་འཇུག་པ་དེབ་ཐོག་མར་བརྩམས།
ཡིན་ཡང་ཁོང་ལ་ཆུང་ཆུང་སྐབས་མཁས་དབང་ཡིན་སྐབས་དེ་ཙམ་གྱི་མཚན་ངོས་འཛིན་མི་ཐོབ་པའི་དཀའ་ངལ་འཕྲད་ཡོད།
མཆན་བྱང།
རྒྱ་གར་སྐད་དུ། སུ་བྷ་ཤ་ཏ་རཏྣ་ནི་དྷེ་ནཱ་མ་ཤྲ།
བོད་སྐད་དུ།
ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས།
འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་བ་ལ་གུས་པས་ཕྱག་འཚལ་ལོ།།
གཞུང་གི་མིང། ས་སྐྱ་ལེགས་བཤད།
རྩོམ་པ་པོ། ས་སྐྱ་པན་ཆེན་ཀུན་དགའ་རྒྱལ་མཚན།
No comments:
Post a Comment