Saturday, 12 September 2015

༄༅། །རྩོམ་ཡིག་གམ་དཔེ་དེབ་གཅིག་གི་ནང་དོན་སྙིང་བསྡུས་བཟོས་ནས་འབྲི་སྟངས།



           ༄༅། །རྩོམ་ཡིག་གམ་དཔེ་དེབ་གཅིག་གི་ནང་དོན་སྙིང་བསྡུས་བཟོས་ནས་འབྲི་སྟངས།

ནང་དོན་སྙིང་བསྡུས་བཟོ་བ་ནི་སྒྲུང་ཞིག་གི་ནང་དོན་སྙིང་བསྡུས་འགྲེལ་བཤད་ རྒྱག་པའམ་ཡང་ན་རྩོམ་འབྲིའི་ཆ་ཤས་ཤིག་ལ་ཟེར། ཁྱེད་རང་གིས་བསམ་བློའི་གནད་འགག་དང་རྒྱབ་ལྗོངས་ཀྱི་དངོས་འབྲེལ་གནས་ཚུལ་རྣམས་ ངེས་པར་དེའི་ནང་འགོད་དགོས། ད་དུང་ཡང་གནས་ཚུལ་གཞན་ཁག་ཐེ་ཆོག། ཡིན་ན་ཡང་། སྒྲུང་དེ་ཇི་མ་ཇི་བཞིན་བསྐྱར་འབྲི་བྱེད་མི་ཆོག
རིགས་ཚན་གསུམ་གྱི་ནང་ནས་ཐོག་མ། བསྐྱར་ཞིབ་བྱེད་པ།
༡ རྩོམ་རིག་གི་ནང་དོན་སྙིང་པོ་ངོས་འཛིན་དགོས། :དེའི་སྐབས་སུ་དྲན་ཐོའི་རིགས་གང་ཡང་མི་འཁྱེར་ནས། དེབ་དང་རྩོམ་ཡིག་གི་རྩོམ་གཞི་འཁོད་པ་ལ་བསམ་བློ་མི་གཏོང་བར་རང་དབང་གི་ངང་ནས་ གཏོང་དགོས། གནས་ཚུལ་ཚུང་ཙག་རིགས་ནི་རྗེས་སུ་རང་ཉིད་ཀྱིས་དོ་སྣང་བྱ་ཐུབ་ཀྱི་རེད།
>ཀློག་པའི་སྐབས་སུ་གཙོ་བོ་གནད་ཁག་ལ་བསམ་བློ་བཏང་ནས། དེ་རྗེས་སུ་སྤྱིར་བཏང་གི་དྲི་བ། སུ། གང། ག་དུས། ག་པར། གང་བྱས་ནས། གང་འདྲ། བཅས་ལ་བལྟ་ཞིབ་བྱ་དགོས། རང་དབང་ཀྱི་བསམ་བློ་དེས་གནད་སྨིན་པོ་དང་མགྱོགས་མྱུར་ངང་ནང་དོན་སྙིང་བསྡུས་ འཚམ་པོ་ཞིག་འབྲི་བ་ལ་གཞོགས་འདེགས་བྱེད་ཀྱི་རེད།
༢རྩོམ་རིག་དེ་དཔྱིས་ཕྱིན་པ་ཀློག་དགོས། ནང་དོན་སྙིང་བསྡུས་འཕྱུག་མེད་ཅིག་འབྲི་བ་ལ་ཁྱེད་རང་གིས་ཀློག་བཞིན་པ་དེའི་ གོ་རྟོགས་ངེས་པར་སླེབས་དགོས། རྩོམ་པ་པོའི་བསམ་བློའི་འཆར་སྣང་བཞིན་ཀློག་ཐབས་བྱེད་དགོས།
>དྲན་ཐོ་འགོད་དགོས་པ་དང་ཁྱེད་རང་གིས་གང་བཀླགས་པ་རྣམས་ལ་ནན་རྟགས་འགོད་པ།
ནང་གསེས་ཀྱི་འགོ་བརྗོད་ཁག་ལ་ཐོ་འགོད་པ་དང། གལ་སྲིད་འགོ་བརྗོད་ལྟ་བུ་གང་ཡང་མེད་པ་ཡིན་ན། བློའི་ནང་དུ་རིགས་ཚན་དུ་བགོ་ཐུབ་ན་མདོར་བསྡུས་བཟོ་སྐབས་ཕན་ཡོན་ཆེན་པོ་ཡོད།
>ཁྱེད་རང་ལ་ཡིག་གཞི་དེ་སྤྲོད་དགོས་དོན་ངེས་པར་བྱས་ནས། རྩོམ་པ་པོའི་གནད་འགག་གཙོ་བོ་ཁག་དང་སྡེ་ཚན་རེ་རེར་གལ་ཆེ་གནད་འགག་རྣམས་འབྲི་ དགོས་ལ། རྩོམ་པ་པོའི་རྩོམ་ཡིག་ཆེད་རྩོམ་རྣམས་ལ་ཞིབ་བལྟ་དང་ནན་ཐིག་བརྒྱབ་པ་ཡིན་ན། ལས་ཀ་དེའི་གནད་འགག་གཙོ་བོ་དེ་ཡིན།
༣ རྩོམ་རིག་ལ་ནན་ཐིག་རྒྱག་དགོས་པ། འདི་ནི་ནང་དོན་སྙིང་བསྡུས་ནང་གི་སྒྲོམ་གཞི་མཚོན་གྱི་ཡོད། ཚན་པ་དེའི་རྒྱབ་རྟེན་གྱི་དོན་གནད་རྣམས་གཤམ་དུ་འབྲི་བ་དང། ཡིན་ཡང་ཞིབ་ཚགས་བྱས་ནས་དོན་ཚན་ཕྲ་མོ་རྣམས་རེ་རེར་འགྲོ་རྒྱུ་མེད།
>དེ་ནས་སོ་སོ་རང་ངོས་ཀྱི་ཚིག་བེད་སྤྱོད་བཏང་ནས་བྲིས་ན་དགེ་མཚན་ཆེ་བ་དང། རྗེས་སུ་བསྒྱུར་བའི་སྐབས་དུས་ཚོད་མང་པོ་སྲུང་གི་ཡོད། གལ་སྲིད་ཁྱེད་རང་ལ་ཉེ་འཁོར་ནས་གནས་ཚུལ་རག་གི་མེད་པ་ཡིན་ན་མ་དཔེ་ནས་དཔེ་ བཤུས་བྱེད་དགོས། དེ་ལ་ལུང་འདྲེན་གྱི་རྟགས་གཡས་གཡོན་གཉིས་ཀའི་མཇུག་ཏུ་བྲིས། རྟགས་དེ་ཚིག་ལྷག་པར་གནད་ཁག་ཅན་ལ་བྲིས་པ་དེ་ཡང་ཚིག་སྦྱོར་མི་འཁྲུལ་བ་དགོས།



རིགས་ཚན་གསུམ་ནས་གཉིས་པ། འབྲི་རྩོམ།
༡གང་གི་ཐོག་བྱ་རྒྱུ་ཡིན་པ་ཆ་ཚང་ངོས་འཛིན་ནས་འགོ་འཛུགས་དགོས།
དེའི་རང་བཞིན་གྱིས་ཁྱེད་རང་གི་ཀློག་པ་པོ་རྣམས་ལ་ཁྱེད་རང་གིས་དགོས་དོན་དང་ དེ་ཡང་རྩོམ་པ་པོ་གཞན་ཞིག་གི་བྱ་བ་བསྐྱར་དུ་ཁ་སྣོན་བྱེད་ཀྱི་ཡོད་པ་གསལ་ཐུབ།
>ཆ་ཚང་ཞིག་ངོས་འཛིན་ཆེད[དུས་ད་ལྟ་བཞག་ནས་} རྒྱབ་རྟེན་གྱི་གནས་ཚུལ་རྣམས་ཀྱི་ནང་དོན་སྙིང་བསྡུས་མཁོ་སྒྲུབ་བྱེད་དགོས་པར་ བརྟེན། བྱ་བ་དེ་གང་གི་ཐོག་བྲིས་ཡོད་པ། འགོ་བརྗོད། རྩོམ་པ་པོ་དང་ནང་དོན་སྙིང་པོ་ཁག་རྟོགས་དགོས། དཔེར་ན། དམིགས་བསལ་གྱི་རྩོམ་རིག ‘’སློབ་གཉེར་གྱི་རིགས་ཚན་ལྔ། “five kind of learning ཡི་རྩོམ་པ་པོ་ཧོ་ལེན་ཨོཊ། Holland Oatesཁོང་གིས་འདོད་ཚུལ་ལྟར་སློབ་གཉེར་བྱེད་སྟངས་ལ་ར་སྤྲོད་བྱ་དགོས་པ་དང། རང་ངོས་ནས་བསམ་ཚུལ་ཁ་ཤས་ཁ་གསབ་བྱ་དགོས།
༢རྩོམ་རིག་གནད་སྡུད་ཅིག་ཏུ་བཟོ་དགོས། གལ་ཆེ་བ་རྣམས་ཕྱིར་མི་དབྱུང་ནས་འཕེལ་རིམ་ལྡན་པ་ངང་ནས་ཆ་ཚང་འབྲེལ་བ་འཇོག་ ཐབས་ལ་འབད་བརྩོན་བྱ་དགོས།ནང་དོན་སྙིང་བསྡུས་ཀྱི་ཚིག་སྦྱོར་ངང་འབྲི་ཐུབ་ན་ཁྱེད་རང་གི་ཀློག་པ་པོ་ རྣམས་ལ་རང་ཉིད་ཀྱིས་བྱས་བ་ཞིག་མ་ཡིན་པར་ངེས་སུ་འཇུག་དགོས། དེ་བཞིན་རྩོམ་དངོས་ཀྱི་་གཏམ་དཔེ་དང་རྩོམ་པ་པོའི་བསམ་ཚུལ་འགོད་དགོས།
ད་ལྟའི་སྐབས་སུ་རྩོམ་བྲིས་དེ་བར་གནས་ཚུགས་པའི་བཟོ་ལྟ་ཞིག་དགོས། ཁྱེད་ཉིད་ཀྱིས་འདོད་ཚུལ། བསམ་ཚུལ་དང་འགྲེལ་བཤད་རྣམས་སོ་སོའི་ཀླད་རིག་ནང་བཞག་པ་མ་གཏོགས་ནང་དོན་སྙིང་ བསྡུས་ལྷན་དུ་ལྡུག་རྒྱུ་མེད། མ་དཔེ་ལ་ཡོད་པ་མ་གཏོགས་ཁྱེད་རང་ཉིད་ཀྱིས་བདམས་པའི་ཚིག་རྣམས་བེད་སྤྱོད་གཏོང་ བའི་སྐབས་དམིགས་བསལ་དོ་སྣང་ངེས་པར་དགོས།
>.ཚིག་ཉུང་དོན་བསྡུས་དགོས། འདི་ནི་ནང་དོན་སྙིང་བསྡུས་ཡིན་པས་མ་དཔེ་ལས་བསྡུས་པ་ཡོད་དགོས། གལ་རྩོམ་རིག་ཅིག་གི་ནང་དོན་སྙིང་བསྡུས་འབྲི་གི་ཡོད་ན་ཁྱེད་རང་གིས་མ་དཔེའི་ ཤོག་གྲངས་ནས་བཞི་ཆ་གཅིག་བྲིས་དགོས།
༣ཐ་མའི་གཏམ་ངང་ནས་མཇུག་བསྡུས་དགོས། འདི་ནི་ཁྱེད་རང་ཉིད་ཀྱིས་འཆར་སྣང་ནང་གི་གཏམ་ཞིག་མ་ཡིན་པར་། གང་ལྟར་དེས་དེབ་བམ་ཡང་ན་རྩོམ་པ་པོའི་རྩོམ་རིག་ལ་གལ་གནད་གང་ཙམ་ཡིན་པ་ར་ འཕྲོད་དགོས།
>ཡར་བསྐྱར་བསྐྱར་བྲིས་མེད་པའི་ཐོག་ནས་རྩོམ་པ་པོའི་བསམ་ཚུལ་གང་ཡོད་པ་དང། དོ་སྣང་ངེས་པར་བྱ་དགོས་པ་ཞིག་ལ་ཐ་མ་མཇུག་གཏམ་སྐབས་རང་ཉིད་ཀྱི་ཚོད་དཔག་དང་ འདོད་ཚུལ་འཇུག་མི་རུང་།

རིགས་ཚན་གསུམ་པ་ནས་གསུམ་པ། བསྐྱར་བཅོས།
༡ཞིབ་ཚགས་ཡོད་མེད་དཔྱད། ནང་དོན་སྙིང་བསྡུས་ཀྱི་ཡི་གེ་འབྲི་སྟངས་དང་སྒྱུ་རྩལ་རྩོམ་རིག་དབར་ལ་ཁྱད་པར་ ཕྲ་མོ་ཡོད། དེའི་ནང་ཁྱེད་རང་གིས་རྩོམ་པ་པོའི་བསམ་ཚུལ་དེ་སྐབས་རྒྱ་ཆ་བརྒྱ་གནས་པར་བྱ་ དགོས། བསྐྱར་དུ་ལེགས་པོའི་ངང་རྩོམ་ཤོག་ལ་ཞིབ་བལྟ་བྱ་དགོས། དེ་ཡང་ཁྱེད་རང་གིས་བར་དུ་བར་མཚམས་བཅད་ནས་མཇུག་བསྡུས་ཡོད་དམ།
>ཁྱེད་རང་གིས་ནང་དོན་སྙིང་བསྡུས་དེ་དང་རྩོམ་རིག་བར་ལ་དོན་གནད་ཁག་ཅིག་ སྟོན་ཐུབ་ཀྱི་འདུག་གམ། གནད་ཁག་ཆེ་བ་ལྷག་བསྡད་པ་འདྲ་བྱུང་མི་འདུག་གམ། ཁྱེད་རང་གིས་ཞིབ་རྒྱས་གནད་བསྡུས་སྐབས་དོ་སྣང་ཆེ་དྲགས་མི་འདུག་གམ།
༢ཁྱེད་རང་གིས་བྲིས་པ་དེ་གཞན་ཞིག་ལ་ཀློག་རོགས་བཅས་འདྲི་དགོས།
མི་གཞན་ཞིག་གིས་དེའི་ཐོག་བསམ་བློའི་གླེང་གཞི་ཡང་ན་ཁྱེད་རང་ལ་ཡོད་པའི་བསམ་ ཚུལ་ཆ་ཚང་ཐ་དད་ཡིན་སྲིད། ཁྱེད་རང་གིས་བྱས་ཟིན་བ་དེ་ལ་སྤྲོ་བ་གསར་བ་ཞིག་སྦྱིན་ཡོང།
>ཞིབ་ཚགས་ངང་ནས་མཚུངས་བསྡུར་བྱས་པ་ཙམ་མ་ཡིན་པར་། དེ་ལ་ཚིག་ལྷུག་པོར་བྱུང་ཡོད་མེད་ཐོག་ཀློག་འཇུག་དགོས། ཁྱེད་རང་གིས་བྲིས་པའི་ནང་དོན་སྙིང་བསྡུས་དེ་ཀློག་པའི་ཐོག་ནས་རྩོམ་རིག་གོ་ རྟོགས་སླེབས་ཡོད་མེད། སྐྱོན་བརྗོད་ཆེད་དུ་ངོ་ཚ་བྱ་རྒྱུ་མེད། སྐྱོན་བརྗོད་རྣམས་མཚུངས་བསྡུར་བྱེད་ནས་དག་བཅོས་བྱ་དགོས།
༣བྲིས་པ་དེ་བསྐྱར་བཅོས་བྱ་དགོས། ཞིབ་ཚགས་དང་བརྗོད་པ་དང་བྲིས་པ་དེ་ནུས་ཤུགས་བྱུང་ཡོད་མེད་བཅས་ལ་སྟངས་འཛིན་ བྱེད་དགོས། ཡི་གེ་དེ་ལ་གཅུས་རྒྱག་ནས་ཀློག་ཡ་གང་འོས་ཀྱི་ལས་སླ་པོ་བཟོ་དགོས།
>དག་ཆ་དང། བརྡ་སྤྲོད། རྟགས་རྣམས་ལ་བལྟ་རྒྱུ་བརྗེད་རྒྱུ་མེད་པ། གལ་སྲིད་ཁྱེད་རང་གིས་ནོར་བ་རྣམས་ལ་བཅོས་ཡོད་པ་ཡིན་ན་བྱས་བའི་ལས་ལ་ཆ་འཇོག་ བྱེད་ངེས།
>དགེ་རྒན་ལ་མ་སྟོན་སྡོན་ལ་གཞན་ཞིག་ལ་ལེགས་བཅོས་ཆེད་སྙན་ལམ་དུ་འབུལ་དགོས།
རིགས་ཀྱི་བུ་བཟང་གིས་བརྡ་འཕྲིན་བརྒྱུད་ལྦི་ཀི་པི་ཏྲི་ཡ་wekipediaནས་བསྒྱུར་བ་དགེ

No comments:

Post a Comment