Friday, 16 October 2015

ཡུལ་འཁོར་སྤྲོ་འཆམ་དང་ལམ་སྟོན་བ།



                                 ཡུལ་འཁོར་སྤྲོ་འཆམ་དང་ལམ་སྟོན་བ།
སྔོན་ཨ་རི་ནས་ཡིན་པའི་ཡུལ་འཁོར་སྤྲོ་འཆམ་བ་རིཇཊ་[Richard]དང་བཟའ་ཟླ་ནང་མིི་ལྷན་རྒྱས་བོད་ཀྱི་ས་ཕྱོགས་གང་སར་འགྲོ་རྒྱུའི་འཆར་གཞི་ལྟར་དང་པོ་ལྷ་སརའབྱོར། ལྷ་ས་འབྱོར་ནས་མི་གཞན་དང་གླེང་མོལ་བྱས་སྐབས་གོ་བརྡ་མ་སྤྲོད་བས་དཀའ་ངལ་ཆེན་པོ་བྱུང་བར། ཡུལ་འཁོར་སྤྲོ་འཆམ་ལམ་སྟོན་བ་ཞིག་མ་འཚོལ་ཀ་མེད་རྐྱེན་གྱིས་རྒྱ་མི་ཞིག་བརྩལ། ཁོང་ཚོར་ལྷན་དུ་ཁོང་གིས་ཟ་ཁང་དང་ལམ་འགྲོ་གང་སར་བརྡ་སྤྲོད་ཆེད་སྐད་སྒྱུར་བྱས། དེ་ཉིན་རང་ལ་ཉིན་གུང་ཞལ་ལག་ཟིན་ནས་པོ་ཏ་ལ་མཆོད་མཇལ་ཚར་མ་ཐག་ཏུ་གཙུག་ལག་ཁང་དུ་ཕྱིན་སྐབས་རྩིག་གྱང་སྟེང་དུ་རྗེ་ཡབ་གསུམ་མཇལ་ རྗེ་ཡབ་སྲས་གསུམ་ནང་ནས་རྗེ་ཙོང་ཁ་པ་དང༌། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་།་། རིཇཊ་གི་བུ་འབྲིང་བའི་དོ་སྣང་ཆེན་པོའི་མཛུབ་མོ་མཐེ་བོང་སྟོན་ནས་དང་པོ་དེ་སུ་རེད་ཟེར་སྐབས། རྒྱ་མི་དེས་བསམ་བློ་བཏང་ནས་འདར་སིག་སིག་གིས་སོམ་ཉི་ངང་The onion God ཟེར། གཡས་གཡོན་དུ་ཡོད་པའི་ཨིན་ཇི་དང་ནང་ཆོས་གཉིས་ཀར་ཤེས་མཁན་རྒྱ་མི་དང་བོད་པ་སོགས་ཀྱིས་ཁོང་གི་གཏམ་དེ་ཐོས་མ་ཐག་ཏུ་གད་མོ་དགད་དགོས་པ་བྱུང་།
སྐད་བསྒྱུར་རྣམས་ཀྱིས་ཡུལ་འཁོར་སྤྲོ་འཆམ་པ་རྣམས་ལ་མགོ་འཁོར་མི་གཏོང་ནས་མངོན་སུམ་ཤེས་པའི་ཐོག་ནས་གོ་བརྡ་སྤྲོད་དགོས་བར་བསྟན། 

No comments:

Post a Comment