Wednesday, 9 September 2015

༅༅། །སློབ་མ་རྣམས་དག་ཆ་འགྲན་བསྡུར་ལ་མཉམ་ཞུགས་བླང་ཕྱིར་སེམས་འགུལ་བྱ་དགོས།

                      ༅༅། །སློབ་མ་རྣམས་དག་ཆ་འགྲན་བསྡུར་ལ་མཉམ་ཞུགས་བླང་ཕྱིར་སེམས་འགུལ་བྱ་དགོས།
ཁྱེད་ཉིད་ཀྱིས་སློབ་མ་རྣམས་དག་ཆ་འགྲན་བསྡུར་མཉམ་ཞུགས་བླང་བ་ཡིན་ན་ཕྱོགས་ཡོངས་ནས་ཕན་བདེ་ཡོད་པ་ཤེས་ཀྱི་ཡོད་དམ། ???
དེ་ཚང་མས་ཤེས་དགོས་པ་གལ་ཆེ་ཡིན། དག་ཆའི་འགྲན་བསྡུར་གྱིས་དགོས་ངེས་ཅན་གྱི་ཤེས་ཡོན་ཚད་གཞི་ཡར་རྒྱས་དང་གོ་རྟོགས་སྤྲོད་པ་མ་ཟད། ཆེས་མཉམ་ཞུགས་དབང་ཉམས་མྱོང། ད་དུང་ཡང་སྤྲོ་སེམས་འཕེལ་བའི་དགེ་མཚན་མང་པོ་ཞིག་ལྷན་དུ་ཞབས་འདེགས་ཞུས་ཀྱི་ཡོད།
བརྡ་སྤྱོད་ངེས་པ།
དག་ཆ་འགྲན་བསྡུར་ཟེར་སྐབས་སློབ་མ་རྣམས་ཀྱིས་ཚིག་མཛོད་ནས་མིང་ཚིག་ངག་རྒྱུགས་གཏོང་བ་ཙམ་མ་ཡིན་ཞིང། དེའི་ཐ་སྙད་ཀྱི་ཚིག་དོན་དེ་གོ་རྟོགས་སུ་རྟོགས་པའི་ཐབས་ཤེས་དང། ད་དུང་ཡི་གེའི་ང་རོ་དང་མིང་ཚིག་དེའི་གཞི་རྩའི་འབྱུང་ཁུངས་སྦྲགས་བརྡ་སྤྲོད་ནི་རྒྱུག་པ་ལེབ་འདུར་བཞིན་ལྷན་རྒྱས་སུ་ཤེས་འགྲོ་ཡི་ཡོད།
ཐ་སྙད་མང་པོ་ཞིག་གསར་དུ་ངེས་པ།
དག་ཆ་འགྲན་བསྡུར་གྱི་རིན་ཐང་ཆེ་ཤོས་ནི་སློབ་མ་རྣམས་ཐ་སྙད་གསར་པ་མང་པོ་ཞིག་བློའི་ནང་གོ་རྟོགས་གསལ་ནས་དེས་འབྲི་ཀློག་གཉིས་ལ་ཤན་ཤུགས་དྲག་པོ་ཐེབས་ཀྱི་ཡོད་ལ།  ཐ་སྙད་མང་པོ་ཞིག་གོ་རྟོགས་སུ་མཐར་ཕྱིན་པ་དཔྱིས་ན་སྦྱང་ཡོན་ལྡན་པ་ཞིག་ཆགས་ནས་དཔེ་དེབ་མི་འདྲ་ཞིག་བཀླག་ནས་ཚོར་བ་དགའ་པོ་རོལ་ཐུབ།
འགྲན་སེམས་སླེབས་པ།
སོ་སོ་རང་ངོས་ཁོངས་གཏོགས་ཀྱི་ཤོག་ཁག་ལ་་དགའ་ཞེན་དང་རང་ཉིད་ཚོགས་པའི་སྐུ་ཚབས་བྱེད་ནས་འགྲན་འདོད་བློ་མིག་སྔར་ཐོན་པ། དག་ཆ་འགྲན་བསྡུར་གྱིས་རང་ཉིད་སོ་སོའི་ལུས་ལ་འགྲན་བསྡུར་རྣམ་འགྱུར་དང་། སྐབས་བབས་ཀྱི་མཉམ་ཞུགས་ལེན་མཁན་དང་མི་དམངས་ལྷན་སྐྱེས་ཡོངས་ལ་རང་འདོད་ལྟར་རྒྱབ་འདེགས་བྱེད་ཀྱི་ཡོད། མཉམ་ཞུགས་བ་དབར་ལ་གྲོགས་ཀྱི་བསམ་པ་ངང་འགྲན་སེམས་བསྐྲུན་པ་དང་འགྲན་བསྡུར་ལེན་མཁན་གྱི་ཕྱོགས་གཉིས་དབར་ལ་གཅིག་ལན་གཅིག་འཇལ་གྱི་གཏམ་གླེང་འཇུག་དགོས་པས་ཁེ་ཕན་ཆེན་པོ་ཡོད།
ཤེས་རྒྱ་འཕེལ་བ།
མིང་ཚིག་རྣམས་སྦྱོང་སྐབས་སློབ་མས་དམིགས་བསལ་དོ་སྣང་ནི་ཐ་སྙད་སྒྲུབ་ཆུལ་དང་དེའི་ཚིག་གི་དོན་འཚོལ་རྒྱུ་དེ་ཆགས་ཡོད། གནས་ཚུལ་དེས་ཤེས་རྒྱ་གོང་འཕེལ་ཇེ་མང་སོང་བ་དང། ཐ་སྙད་གསར་བ་ཁག་སྦྱང་རྒྱུའི་རྣམ་སྨིན་གྱི་འབྲས་བུ་སྦྱིན་གྱི་ཡོད།
གདེང་ཚོད་ཐོབ་པ།
དག་ཆའི་འགྲན་བསྡུར་ནང་དུ་མཉམ་ཞུགས་བླང་ཚར་བའི་རྗེས་སུ་སློབ་མའི་གདེང་ཚོད་དེ་གོང་འཕེལ་འགྲོ་ཡི་ཡོད་ལ།  དག་ཆའི་འགྲན་བསྡུར་ཡིས་མི་ཚོགས་ནང་དུ་ལངས་ནས་བཤད་ཡ་གདེང་སྤོབས་དང་ནོར་འཛོལ་ལ་ངོས་ལེན། ད་དུང་ཁྱེད་རང་གྱིས་དཀའ་ལས་བཀྱོན་པ་གཞན་གྱིས་ཤེས་ནས་དགའ་བསུའི་ཐལ་སྒྲ་སྒྲོག་གི་རེད།
གང་ལྟར་ཁྱེད་རང་དག་ཆའི་འགྲན་བསྡུར་སྐབས་མཉམ་ཞུགས་ལེགས་པོ་བླངས་མི་ཐུབ་ནས་འབྲས་བུ་མི་ངེས་པ་ཡིན་ན་སེམས་ཤུགས་མི་ཞུམ་པར་མ་འོངས་པར་བསྐྱར་དུ་མཉམ་ཞུགས་བླང་ཐབས་དང། ཁྱེད་རང་མཉམ་ཞུགས་བླངས་བ་ཙམ་གྱིས་གདེང་ཚོད་དངཤེས་རྒྱ་གོང་འཕེལ་། གོ་སྐབས་གསར་པ་བཙལ་བ་ནམ་ཡང་བརྗེད་མི་རུང།

དེ་རིང་གི་དག་ཡིག་འགྲན་བསྡུར་སྐོར་ཞོར་དུ་རགས་ཙམ་གླེང་བ།
དེ་རིང་སྤྱི་ཟླ་༩ཚེས་༩སྤྱི་ལོ་༢༠༡༦ལྷག་དཀར་གྱི་ཉིན་མོ་ཐོག་བྷུན་ཏར་དགེ་འོས་ལོ་རིམ་བཞི་ཅན་གྱི་སྒྱུ་རྩལ་དང་ཚན་རིག་སློབ་གྲངས་དགུ་ཅུ་ཙམ་ལྦ་ར་ན་སིར་MP hall ནང་དུ་སློབ་ཚན་སོ་སོའི་སློབ་མ་རྣམས་ཕྱོགས་གཉིས་སུ་སྒྲིག་ནས་ནང་ཁུལ་སློབ་དཔོན་བེ་རི་དཔལ་ལྡན་རྣམ་རྒྱལ་མཆོག་གིས་སྐབས་བཞི་པའི་དག་ཆ་འགྲན་བསྡུར་དབུ་འཛུགས་གནང་སོང།     དེ་སྐབས་གཙོ་བོ་སྐུ་མགྲོན་དགེ་འོས་མཐོ་སློབ་རང་ངོས་ཀྱི་ངེས་སྟོན་པ་སྐུ་ངོ་བཀྲིས་དོན་གྲུབ་མཆོག་ཆགས་ཕེབས་གནང་སོང་།
འགྲན་བསྡུར་དེ་ནི་ཆུ་ཚོད་གཅིག་ཙམ་ཚོགས་ཤིང། ཚན་རིག་སློབ་མ་ཚང་མར་གོ་སྐབས་ཐོབ་ཡོད་པ་དང་སྒྱུ་རྩལ་སློབ་མ་རེ་གཉིས་མ་གཏོགས་ཚང་མ་ལ་གོ་སྐབས་ཐོབ་ཡོད། མཐར་ངེས་སྟོན་པ་མཆོག་གིས་བསྟོད་བསྔགས་དང་འབྲེལ་མ་འོངས་པར་རྒྱུན་མཐུད་དགོས་པའི་དགོངས་འཆར་བསྟན་སོང། ངས་བསམ་ཚུལ་བྱས་ན་འདི་ལོར་དག་ཆ་འགྲན་བསྡུར་དེ་ནི་སློབ་མ་ཚང་མ་ལ་གོ་སྐབས་ཆ་སྙོམས་ངང་ཤེས་རྒྱ་གོང་འཕེལ་ཇེ་ཆེར་ཕྱིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
 དེ་སྐབས་ཀྱི་མིང་ཚིག་ཐ་སྙད་རྣམས་གཤམ་དུ་གསལ་ཡོད། ཐ་སྙད་དེ་རྣམས་ནི་སློབ་དཔོན་མཆོག་གི་སློབ་མ་ལ་དཔྱད་དེ་སྤྱིར་ཟུར་ལྟའི་རྩོམ་ཡིག་གཅེས་བཏུས་ནས་བདམས་པ་ཞིག་དང། སྒོས་རྒྱུན་དུ་འབྲི་ཀློག་དང་གཏམ་གླེང་ནང་བེད་སྤྱོད་ཡོད་པ་ཤ་སྟག་རེད།
གནོད་འཚེ།                                    ཆབ་སྲིད་ཚན་རིག                                          ཆེད་མངགས།
རས་ལྷམ།                                   དགེ་བའི་བཤེན་གཉེན།                                        ཞི་འཚོ་དཔེ་མཛོད་ཁང།
བྲན་གཡོག                                      གོམས་འདྲིས།                                              འཕྲོད་བསྟེན།
ཞབས་རྗེས།                                     ཨི་ཁུང་ཕུག་པ།                                         མཚམས་སྦྱོར།
ཁེངས་སྐྱུངས།                                གཙུག་ལག་ཁང།                                                ཆག་སྒོ།
བརྡབ་གསིག                                  ་གྲོད་ཁོག་ལྟོགས་པ།                                        ་བརྩི་འཇོག
འགྲམ་ཆུ་ལྡང་བ།                               ཐོོས་བསམ་སྒོམ་གསུམ།                                   སྤང་གཞངས།
ཐབས་ཟད།                                      སྣེ་ལེན་ཁང།                                           གནའ་སྔ་མོ།
སིལ་ལྷམ།                                      འགྲན་བསྡུར།                                         མདུན་དུ་བསྐྱོད་པ།
དགོངས་པ་མ་འཚོམ།                             ལག་རྩེད་པོ་ལོ།                                         དབུ་འབྱེད།
གསོལ་བ་སྨོན་ལམ།                             རྩིས་ཁྲ།                                             མགོ་ཡོམ་འཁོར་བ།
ཆུང་འདྲིས་བྱམས་པ།                            ཆེད་ལས་པ།                                        ་འདས་གྲོངས་ཕྱིན་པ།
འཚར་ལོངས།                                  ་གནད་བསྡུས།                                             རོགས་རམ།
མགོ་གྲུང་པོ།                                      མདོ་འཛིན་པ།                                             དམག་དཔུང།
སྐྱབས་མགོན་རིན་པོ་ཆེ།                           ཆིབས་བསྒྱུར་བསྐྱངས་པ།                                  ་དགེ་རྒན་འོས་སྦྱོང།
ཐོག་ཐ་བར་གསུམ།                             ་ གཟེངས་རྟགས།                                           ་འཁོན་འཛིན།
བརྟག་དཔྱད།                                  བྱང་ཆུབ་སེམས་དཔའ།                                       འབྱུང་པོ་རོ་ལངས།
བརྟག་དཔྱད།                                      བསམ་གྱི་མི་ཁྱབ་པ།                                             ཆགས་ཤོག
བཙན་བྱོལ།                                         བཅར་འདྲི།                                          སྒྲིག་འཙུགས།
འབེལ་པོ།                                        གཙུག་ལག་སློབ་གཉེར་ཁང།                                  འཁྲུངས་སྐར།
ཡུས་བཤད་པ།                                     བཞེས་ཏོག                                                ་མཐུན་སྒྲིལ།
མཉེན་ཆས།                                          སྐྱ་སེར།
འགྲེམས་སྤེལ།                                     དབུ་སྐྲ་བསིལ་བ།
མཛད་རྣམ།                                          ན་བཟའ།
ཁྱད་གསོད།                                        བཀའ་འཁྲོལ།
གདོང་ལེན།                                        བྲན་གཡོག
མཆིན་པ།                                             འཇོན་ཐང།
འཚམས་འདྲི།                                          གྲིབ་ནག
ཤོག་བུ་དབྲལ་བ།                                     ་ གཅེན་གཅུང།
བརྡ་འཕྲིན།                                      ལྷག་བསམ་ཟོལ་མེད།
སྤྲེལ་ལད།                                        སྐྱེ་རྒ་ན་འཆི།
བསྐོ་ཤག                                         གཤེ་གཤེ།
སྡུག་གྱོང།                                         བག་ཆགས།
བུམ་པ་གང་བྱོལ།                                     ཉི་གདུགས།
མཁྲིས་པ།                                           ལྷིང་འཇགས།
སྲང་ལམ།                                        ངེས་སྟོན་པ།
གནས་མཇལ།                                    འབུད་རྒྱག
ལག་འཁྱེར།                                           བརྡ་ཐོ།
སྐྱབས་འཇུག                                      ཞེད་སྣང།
སྣང་མེད་རྒྱ་ཡན།                                   གྲོས་མོལ།

རིགས་ཀྱི་བུ་བཟང་གིས་ལྦ་ར་ན་སི་མཐོ་སློབ་རུ་དག་ཆའི་འགྲན་བསྡུར་ཟིན་ནས་མཚན་མོ་བྲིས་པ་དགེ།


No comments:

Post a Comment