དཔེ་དེབ་བསྐྱར་ཞིབ།
འདི་ཟླའི་ནང་ངས་བཀླག་པའི་དཔེ་དེབ་ཀྱི་མཚན་བྱང་ནི་༄༅།
།བོད་ཀྱི་རྒྱལ་རབས་དོན་དངོས་ཅུང་ཟད་གླེང་བ་དང། ཁྲག་དང་མིག་ཆུའི་ནམ་ཟླར་རགས་ཙམ་བལྟས་པ། དེའི་རྩོམ་པ་པོ་ནི་དོན་ཀུན་གྲུབ་པ་མི་ཤིགས་པ།
ཕྱག་དེབ་དེ་དཔར་བསྐྲུན་བྱས་མཁན་ནི་བོད་གཞུང་ཕྱི་དྲིལ་ལྷན་ཁང་ནས་ ཕྱི་ལོ་༡༩༩༡་ཟླ་༦ཚེས་༢༨ལ་ཡིན་ཞིང།
གལ་སྲིད་དཔེ་དེབ་འདི་བཞིན་སླར་དཔར་སྐྲུན་བྱེད་འདོད་མཆིས་རིགས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཆོག་མཆན་ཐོབ་དགོས་པ་གསལ་འདུག
ཕྱག་དེབ་ཀྱི་ནང་དོན།
དཔེ་དེབ་དེ་ནི་དོན་ཚན་དྲུག་ཅན་ཞིག་དང། རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་བོད་མི་རྣམས་ལ་བདེ་བ་སྡུག་བསྔལ་ཇི་འདྲ་ཡོད་པ་དང།
རྒྱ་ཆེའི་བོད་མི་མང་ཚོགས་རྣམས་རྒྱ་ནག་དང་ཁ་བྲལ་འདོད་ཡོད་མེད་ཀྱི་བསམ་ཚུལ་ཡང་ཤིན་ཏུ་གསལ་པོར་བྲིས་འདུག་པས།
རྒྱ་མི་མིང་ཚོགས་དང། བདེན་རྫུན་རྣམ་པར་དཔྱོད་པའི་བློ་གྲོས་ལྡན་པའི་མི་རྣམས་ནས་བོད་ཀྱི་ད་ལྟའི་དངོས་ཡོད་གནས་སྟངས་གསལ་པོར་རྟོགས་པའི་ཆེད་དུ་།
བོད་མིའི་འབྱུང་ཁུངས་དང། བཙན་པོའི་དུས་རབས། བོད་སོག་དང་རྒྱའི་འབྲེལ་བ། རྒྱ་མི་གུང་བྲན་ཏང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་ས་བཙུན་བཟུང་དང།
བོད་མི་ཁྲི་འབུམ་དུ་མ་དམར་གསོད་དང། བཙོན་འཇུག་ སྡུག་སྦྱོང་དྲག་པོ་བཏང་བ། རྒྱ་དམར་གུང་བྲན་ཏང་གིས་བོད་ས་བཙན་བཟུང་བྱས་ནས་ད་བར་གྱི་གནས་ཚུལ།
ད་དུང་མཇུག་གི་སྡེ་ཚན་ཐ་མ་དུ་བོད་ཀྱི་ལོ་རྒྱུས་དང་དོན་དངོས་མང་པོས་༡༩༥༩་ལོའི་གོང་དུ་བོད་འདི་རང་དབང་རྒྱལ་ཁབ་ཅིག་ཡིན་པ་དང།
རྒྱ་མི་དམར་པོས་བོད་ལ་བཙན་འཛུལ་བྱས་རྗེས་བོད་མི་དམངས་རྣམས་ལ་སྡུག་སྦྱོང་དྲག་པོ་བཏང་བ་སོགས་ཀྱི་གནས་ལུགས་དངོས་རྗེན་རིམ་པར་བགྲངས་ཏེ་བདེན་པ་བོད་མི་དམངས་ལ་ཡོད་པའི་རྒྱུ་མཚན་གསལ་པོ་བསྟན་ཡོད།
དེ་ནང་ནས་ཀློག་པ་པོ་རྣམས་དང་མ་འོངས་པ་སོན་རྩ་ང་དང་མཚུངས་པའི་སློབ་མ་རྣམས་ལ་དམིགས་བསལ་གལ་ཆེ་ཤོས་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆགས་སྒོ་ཆ་ཤོས་རྣམས་རིམ་པའི་རྒྱུ་མཚན་བཀོད་ཡོད་པ་དང།
ད་དུང་བོད་མི་རྣམས་ལ་མི་རིགས་ཤིག་གི་ཆགས་སྒོ་ཆེ་ཤོས་ནི་བདག་དབང་ཤོར་བ་དེ་ཡིན་པ་ང་ཚོ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ལ་མྱོང་ཚོར་གཏིང་ཟབ་བྱུང་བས་སླད་རང་རེ་གཞིས་བྱེས་བོད་མི་རྣམས་༧གོང་ས་ཆེན་པོའི་རླབས་ཆེན་དབུ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རང་དབང་བདེན་པའི་འཐབ་རྩོད་མཐའ་སྐྱོང་དགོས་པ་ནི་བོད་མི་ཐམས་ཅད་ལ་ལོ་རྒྱུས་ཀྱིས་དཀྲིས་པའི་འོས་འགན་བསྙོན་མེད་ཅིག་ཡིན་པ་ནི།
རྩོམ་པོ་པོའི་དོན་ཀུན་གྲུཔ་མི་ཤིགས་པས་ལྷ་ས་ནས་༡༩༩༢མཐར་རེ་སྒུལ་དང་ཕྱག་དེབ་དེའི་ཀློག་པ་པོ་དང་བོད་མི་མ་འོངས་པའི་སོན་རྩ་ཡོངས་རྫོགས་ལ་བཟང་པོའི་བཟང་བླང་གི་བསླབ་བྱ་སྙིང་པོ་བསྟན་ཡོད་དོ།
རིགས་ཀྱི་བུ་བཟང་གིས་༩།༧།༢༠༡༥ཉིན་བྲིས་པ་དགེ །།
No comments:
Post a Comment