མེས་དབོན་དཔེ་སྟོན་སློབ་གྲྭའི་འཁྲུངས་སྐར།
ཟླ་ཚེས་བཅུ་ཡི་ལོ་ལ།།
དཔེ་གསར་ཡང་གསར་སློབ་གྲྭ།།
དེང་རབས་སྲོལ་རྒྱུན་ལྡན་པའི།།
མེས་དབོན་དཔེ་སྟོན་སློབ་གྲྭ།།
གངས་ལྗོངས་བོད་མིའི་ལྷ་རྒྱལ།།
༧སྤྱི་ནོར་གོང་ས་སྐྱབས་མགོན།།
ཐུགས་རྗེའི་བཀའ་དྲིན་ཆེན་པོའི།།
དཔེ་སྟོན་སློབ་གྲྭ་འཁྲུངས་སོང།།
གདོང་དམར་ཚང་གི་པན་ཊིཏ།།
མཁས་དབང་ཟམ་གདོང་ཆེན་པོའི།།
ཡབ་ཆེན་ཐུགས་དགོངས་རི་བཞིན།།
དཔེ་སྟོན་སློབ་གྲྭ་འཁྲུངས་སོང་།།
དབུས་གཞུང་བོད་མིའི་སྒྲིག་བཙུགས།།
མང་གཙོ་ཀ་བ་གསུམ་ལྡན།།
མ་འོངས་མདུན་སྐྱོད་གཟིགས་ནས།།
དཔེ་སྟོན་སློབ་གྲྭ་འཁྲུངས་སོང།།
འཕགས་རིགས་རྒྱ་གར་གནས་ཚང།།
པན་ཊིཏ་ནེ་རུ་མཆོག་གིས།།
བག་ཡོད་སེམས་འཁུར་བརྟེན་ནས།།
དཔེ་སྟོན་སློབ་གྲྭ་འཁྲུངས་སོང་།།
ཕྱོགས་བཞི་མཁས་དབང་རྣམས་དང་།།
དགེ་སློབ་ཕ་མ་རྣམས་གསུམ།།
ཤེས་ཡོན་སྲིད་བྱུས་ལམ་བཞིན།།
དཔེ་སྟོན་སློབ་གྲྭ་འཁྲུངས་སོང་།།
འདི་ལོར་འཁྲུང་དཀར་ལོ་ལ།།
ཤེས་ཡོན་ལྷག་བསམ་འཕེལ་ཞིང།།
གོག་རིགས་བར་ཆད་འབྱིད་ནས།།
བསམ་དོན་ཇི་བཞིན་གསོལ་ལོ།།
རིགས་ཀྱི་བུ་བཟང་གིས་ཚིག་སྦྱོར་ལྷོད་པའི་བཞིན་ཁྱ་དཔར་དུ་མེས་དབོན་ངཔེ་ སྟོན་་སློབ་གཉེར་དབུ་བརྙེད་བའི་དགའ་སྟོན་ལ་ཕྱི་ལོ་༢༠༡༠ཟླ་༡༠ཚེས༡༠ཉིན་བཟང་ པོར་བྲིས་པ་དགེ།
No comments:
Post a Comment