རྒྱལ་སྤྱིིའི་ལོ་རྒྱུས། ལེ་ཚན་དང་པོ།
ཡི་ཤུ་མ་འཁྲུངས་བའི་སྔོན་གྱི་དུས་རབས་ལྔ་པའི་ནང་གི་གྷི་རིས་ཀྱི་ལོ་རྒྱུས་མཁས་དབང་ཧེ་རོ་ཀྲོ་ཀྲས་herodotusམཆོག་གིས་པར་ཤིའི་གཡུལ་འགྱེད་སྐོར་ཕྱག་དེབ་ཅིག་བྲིས་ཡོད།
ཁོང་གིས་མི་རབས་གཅིག་སྔོན་ལ་བྱུང་བའི་པར་ཤིའི་གཡུལ་འགྱེད་ཐོག་ཕྱག་དེབ་བྲིས་སྐབས་འདྲི་རྩད་ལམ་ལུགས་བེད་སྤྱོད་བྱས་བ་རེད།
དེ་ཡང་ཁོང་གིས་གྷི་རིས་ས་ཕྱོགས་གང་སར་ཡུལ་སྐོར་ཞིབ་བཤེར་དང་ཡུལ་མི་རྣམས་ལ་ངག་རྒྱུགས་འདྲི་རྩད་ངང་དཔྱད་ཞིབ་ནས་བསྒྲུབས་བའི་ཕྱག་དེབ་ཅིག་རེད།
དེབ་དེའི་ནང་གི་དོན་རྐྱེན་རྣམས་ནི་གནད་དོན་ཇི་མ་ཇི་བཞིན་དངོས་ཡོད་གནས་ཚུལ་འདོད་པ་ཚིམས་པ་འགོད་ཡོད།
ཁོང་ལ་དངོས་འབྲེལ་མིན་པའི་གནད་དོན་མང་པོ་ཞིག་ནང་ནས་བདེན་པ་རྣམས་བཙགས་དགོས་སྐབས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད།
ཧེ་རོ་ཀྲོས་ཀྲས་ཀྱིས་ལོ་རྒྱུས་ཀྱི་ཕྱག་དེབ་ནང་_ཕྱོགས་ཞེན་མེད་པ། དོན་སྙིང་བསྡུས། ལྷ་སྒྲུང་དང་རྟོག་སྒྲུང་ཆ་ཚང་བྲེགས་གཏུབས་བྱས།
ཁོང་གིས་མིའི་སྤྱི་ཚོགས་རིག་པ་ཐོག་ནས་གཡུལ་འགྱེད་དུས་རིམ། ཉམས་གུད་དང་མ་འོངས་པའི་མདུན་སྐྱོད་ཕྱིར་རྒྱུས་སྟོན་བྱས་ཡོད།
སོང་ཙང་ལོ་རྒྱུས་མང་པོ་ཞིག་བདེན་པའི་རང་བཞིན་དུ་འཛིན་ཆོག་བ་དང་གལ་འགངས་འཇོག་ཐུབ་བ་ནི།
ལོ་རྒྱུས་ཡབ་ཆེན་དམ་པ་ཧེ་རོ་ཀྲོ་ཀྲས་ཁོང་ཉིད་ཡིན།
དོ་སི་ཀྲེཨཊ། Thucidides ཁོང་ཡང་ཡི་ཤུ་མ་འཁྲུངས་སྔོན་གྱི་དུས་རབས་ལྔ་པའི་ནང་གི་ལོ་རྒྱུས་མཁས་དབང་ཞིག་ཡིན།
ཁོང་གིས་ཚད་འཕེར་བ་ལོ་རྒྱུས་ཁུང་དག་ཅིག་བཟོས་ཐབས་འབད་བརྩོན་བྱས་ཡོད། ཁོང་གིས་ཕྱག་དེབ།
The History of the Peloponessian war[431-404]དེ་ནི་ལོ་རྒྱུས་རིག་བ་དེ་ཚན་རིག་ཕྱོགས་སུ་མདུན་སྐྱོད་ཀྱི་གོམ་བགྲོད་ཐོག་མ་དེ་ཡིན།
ཁོང་གིས་དུས་རིང་དེའི་སྐབས་སུ་ཆབ་སྲིད་ཀྱི་གནས་སྟངས་དང་ས་གནས་སུ་གཅིག་རྗེས་གཉིས་འཐུད་ཀྱི་གནད་དོན་བྱུང་བ་ཡོངས་རྫོགས་འགོད་སྐབས་དཀའ་ངལ་ཇེ་མང་འཕྲད།
ཧེ་རོ་ཀྲོ་ཀྲས་མཆོག་གིས་པར་ཤིའི་གཡུལ་འགྱེད་ཐོག་དངོས་འབྲེལ་གྱི་འགྲེལ་བརྗོད་བྱས་ཡོད་ན་ཡང།
ཁོང་གིས་དོན་རྐྱེན་དེའི་རིགས།[ཅིའི་ཕྱིར།]བྱུང་ཡིན་མིན་གླེང་ཀློང་བྱུང་མེད། དོ་སི་ཀྲེཨཊ་མཆོག་གིས་ཕྱག་དེབ་ནང་དུ་གཡུལ་འགྱེད་ཀྱི་གནད་དོན་ཇི་མ་ཇི་བཞིན་འགོད་བ་དང།
དེ་ཡང་རྒྱུ་འབྲས་གང་གི་གནད་དོན་དེ་བྱུང་ཡིན་མིན་ལ་དཔྱད་ཞིབ་ཡང་དག་བརྡར་ཡོད། སོང་ཙང་ཁོང་གིས་དོན་རྐྱེན་རྣམས་[ཅིའི་ཕྱིར།]བྱུང་ཡིན་མིན་ལ་ཞིབ་བཤེར་རྩོལ་ཐབས་རྐྱེན།
ཁོང་གིས་ཚད་འཕེར་བ་ལོ་རྒྱུས་ཁུང་དག་ཅིག་བསྒྲུབས་ཡོད།
No comments:
Post a Comment