Thursday, 3 December 2015

ཐུག་པ་མ་བཞེས་བ་གང་རེད་དམ།

ཐུག་པ་མ་བཞེས་བ་གང་རེད་དམ།
གཞིས་བྱེས་གཉིས་ཀྱི་བོད་ཟས།།
བྲོ་སྨན་ཤ་དང་ལ་ཕུག།།
སྣུམ་དང་ཆུ་གཉིས་བསྲེས་ནས།།
བསོད་ནམས་དཔལ་འཛོམས་ཅུང་གིས།།
རོ་བཅུད་ལྡན་པ་འགྲུབ་སོང།།
ཐུན་མོངས་བོད་ཀྱི་དུས་ཆེན།།
དགུ་ཐུག་འབག་ཐུག་འཐུང་ཞིང།།
བཀྲ་ཤིས་རྟེན་འབྲེལ་རྟགས་ནི།།
ཐུག་པའི་བཀའ་དྲིན་མི་ཆུང་།།
འཐེན་ཐུག་རྒྱ་ཐུག་གཉིས་དང་།།
གཞན་ཡང་ཐུག་རིགས་མང་མང་།།
དེང་གི་བཟོ་གྲྭ་ནང་གིས་།།
ཚང་མ་ལད་ཟློས་རྗེས་སུ།།
ཟས་རིགས་བཅུད་ལྡན་འདི་ནི།།
གྲང་ངོ་ཚ་དྲོད་སྦྱིན་བ།།
ཟས་རིགས་མཚུངས་མེད་འདི་ནི།།
སྟབས་བདེ་་རང་བཞིན་ཅན་རེད།།
ཟས་རིགས་སྙན་གྲགས་འདི་ནི།།
དུས་ཆེན་སྐབས་ཀྱི་གཙོ་རེད།།
སོང་ཙང་། ཐུག་པ་མ་བཞེས་བ་གང་ཡིན། ཐུག་པ་ནི་མཐུན་མོང་མ་ཡིན་པ་ཞིག་ཡིན་པས་ཐུག་པ་མཆོད་རོགས་གནང་། ཆོས་གྲོགས་ཚོ།
དགུང་མོར་བྲིས།

No comments:

Post a Comment